[A:193]ལམ་སྟག་ཚང་ཕུ་ལ་ཞུགས། ཁང་དམར་གྱིས་ས་མཁར་ལ་མཚོན་ཁ་བསླངས་ཏེ་སྟེང་བྱ་རོག་ཚང་ལ་སྐོར་རྒྱག་བྱས། ལྕགས་ཕོ་འབྲུག་ལོ་ལ་དཔོན་ཆེན་ཁྲིམས་ལ་བསྒྲལ། དེ་ནས་ཡུན་རིང་མ་སོང་བར་བླ་མ་འཕགས་པ་ཡང་ཞི་བར་གཤེགས་པས་གོང་དུ་ཞུ་བ་ལ་ཉེ་གནས་གཞོན་ནུ་དབང་ཕྱུག་བཏང་། སེ་ཆེན་གྱི་ལུང་གིས་བྱང་རིན་ལ་དཔོན་ཆེན་བསྐོས། སོན་ཝི་སའི་དངུལ་དམ་གླིང་དྲུག་མ་དང་། ཤེལ་གྱི་དམ་ལ་ཡང་གནང་། རྟིང་ལ་བྱང་རིན་ཤང་སྡོང་པོ་ཐང་གིས་སྒར་ཐོག་ཏུ་ཀུན་དགའ་བཟང་པོའི་གཡོག བྱང་པ་ཡེ་ཤེས་བཟང་པོས་བསད་ཟེར། དེ་ནས་དཔོན་ཆེན་ཀུན་གཞོན། དཔོན་ཆེན་གཞོན་དབང་། དེའི་རིང་ལ་ཕྱེ་བསལ་ཆེན་པོ་དང་། ཁྲིམས་གྱི་ཞིབ་ཆ་ཕལ་ཆེར་བྱུང་བ། དེ་ནས་དོན་ཆེན་བྱང་རྡོར། དེ་ནས་དཔོན་ཆེན་ཨག་ལེན། དེའི་རིང་ལ་ལྷ་ཆེན་མོའི་སྤེན་བད་བཀལ། རྒྱ་མཐོངས་ཀ་བརྒྱད་བཙུགས། ཐིགས་ཁང་ལོགས་ལ་བླ་མ་བདག་ཉིད་ཆེན་པོའི་བཀའ་བཀའ་བཞིན། ཕྱི་ནང་གི་དཀྱིལ་འཁོར་མི་གཅིག་པ་དྲུག་བརྒྱ་སུམ་ཅུ་རྩ་དགུ་བཞེངས། ཤིང་མོ་ལུག་ལོ་ལ་ཕྱིས་ལྕགས་རི་ཆེན་མོ་དང་། དབོན་པོ་རའི་ལྕགས་རི་གཏོད་པ། བླ་མ་འཕགས་པ་དང་། དྷརྨ་ཕ་ལའི་ཕྱི་བསྟན་བཞུགས་སའི་གསེར་ཐོག་གཡུ་ཐོག་འགེལ་བ། ཇོ་མོ་གླིང་འདེབས་པ། འབྲི་གུང་ལ་དམག་འཁྱེར་བ་སོགས། གདན་ས་ཆེན་པོའི་:ཆགས།[ཕྱག་]། ཕྱི་དང་། ཞབས་ཏོག་བྱས་པ་ཤིན་ཏུ་ཆེ་བར་བྱེད། དགས་པོར་དམག་འཁྱེར་ཇུས་ལེགས་ལེན་པའི་དུས། ས་མཚམས་ན་བྲག་ལ་ཨག་ལེན་གྱི་མིང་བྲིས་པ་བཞག་འདུག་ཟེར། བཞོན་དབང་དང་། བྱང་རྡོར། ཨག་ལེན་གསུམ་གྱི་རིང་ལ། ས་འབྲི་འཐབ། ཨག་ལེན་གྱི་དཔོན་ཆེན་ངང་ལ་རྒྱ་ཡུལ་དུ་བྱོན། ཨ་ཡུ་པར་པ་རྡར། བུ་ཡན་དུ་རྒྱལ་བུ་དང་མཇལ། མི་རབས་ཀྱི་