R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 192
[A:192]ལེགས་གསུངས། དེ་འཕྲལ་ལ་ཐིག་ཚད་བྱས་པར་ཡར་ཁྱེར་ནས། འདམ་སོག་ཡན་དབུས་གཙང་གི་ཁྲི་སྟོང་། མི་སྡེ་རྣམས་ལ་བཀའ་ཤོག་བཀྲམ། མི་ལག་བསྐུལ་ནས། དེ་ཁའི་ལོ་ལ་ལྷ་ཁང་ཆེན་མོའི་འགྲམ་བཏིང་། ལྕགས་རི་ནང་མ་ལྕོག་སྤེ་འབུར་ལྕོག་ཆུང་དང་བཅས་པ་བརྩིགས་པའི་དུས་སུ། ཤིང་ཆ་རྣམས་དྲངས་ནས་ལྷ་ཁང་ཆེན་མོའི་འོག་ཐོག་ཅི་རིགས་ཕུབ་ཚར་བའི་མཚམས་དཔོན་ཆེན་ངང་ལ་ས་སྐྱར་སྐུ་གཤེགས་སོ། །འདི་ས་སྐྱ་པ་ལ་ཡུས་པོ་ཆེའི་མི་གསུམ་གྱི་རྒན་པ་བློན་པོ་དྲིན་ཆེན་དུ་འདུག་པ། ཁོང་གི་དབོན་པོ་བསོད་དབང་འདས་རྟིང་དུས་མཆོད་ཀྱང་མི་གནང་པས། དཔོན་ཆེན་དབང་བརྩོན་གྱིས་ལྷ་ས་གྲོ་ཁུད་ཕུལ་བྱུང་། བ་མོ་གཞུང་རྣམས་ལ་གཞིས་ཆུང་རེ་ཡོད་པ་རྩད་ན་ས། དུས་མཆོད་ལ་བཙུགས་ཡོད་པས། དཔོན་ཆེན་དང་ནང་སོ་སུ་འཛིན་གྱིས་འདི་བཞིན་གྱི་དོ་དམ་བྱེད་དགོས། དཔོན་ཆེན་ཤཱཀྱ་བཟང་པོའི་རྗེས་ལ། ནང་གཉེར་ཀུན་དགའ་བཟང་པོས་དཔོན་ཆེན་ཚང་མ་ལོ་དྲུག་བྱས། དེའི་བར་ལ་ལྷ་ཁང་གི་ལྕགས་རི་ལྕགས་ཆུང་འོག་ཐོག་ཐིགས་ཁང་ཞབས་སུ་ཕྱུག་པར་བྱས། གསེར་འཕྲུ་ཆེན་མོ་བཙུགས། ཆོས་རྗེ་ས་པཎ་གྱི་ནང་བསྟན་བྱང་ཆུབ་ཆེན་པོའི་གསེར་སྐུ་དང་། ལྷ་ཁང་གི་ཁྱམས་ལ་རི་མོ་ཐམས་ཅད་བཞེངས། རིན་ཆེན་སྒང་བླ་བྲང་དང་། དབུ་རྩེ་བྱང་ལྷ་ཁང་བླ་བྲང་དང་བཅས་པ་འདེབས་པའི་དོ་དམ་བྱས། ཀུན་དགའ་བཟང་པོས་ལས་ཁ་བཏད་ནས། བྱ་རོག་ཚང་དུ་ལོ་དྲུག་བཅུའི་བར་ལ། དཔོན་ཆེན་ཞང་བཙུན་དང་། ཕྱུག་པོ་སྒང་དཀར་བ་བྱང་རིན་གསུམ་པོ། བླ་མས་ཞལ་ལྟས་རིམ་གྱིས་བསྐོས། ཀུན་དགའ་བཟང་པོ་ལ་བླ་མ་མ་མཉེས་ནས། སེ་ཆེན་གྱི་ལུང་གི་སཾ་གྷ་ཆིང་སང་གིས་མགོ་བྱས་རྩ་བའི་ཧོར་དམག་འབུམ་ཕྲག་གཅིག་བཏང་། དམག་