R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 194
[A:194]བར་ལ་ཡར་འབྲོག་ཁྲི་སྐོར་འཇགས་པའི་ལུང་བཟང་པོ་ཐོབ། དེ་ནས་ཡང་དཔོན་ཆེན་གཞན་དབང་ལ་བསྐྱར་ནས་བསྐོས། ཆེ་གསལ་ལ་སོགས་པ་འདིའི་སྐབས་སུ་བྱུང་བར་ཡང་བྱེད། དེ་ནས་དཔོན་ཆེན་ལེགས་པ་དཔལ། དཔོན་ཆེན་སེང་གེ་དཔལ། དཔོན་ཆེན་འོད་ཟེར་སེང་གེ འདིའི་སྭན་ཇིང་དབེན་གྱི་དམ་ཁ་ཡང་བཟུང་། དེ་ནས་དཔོན་ཆེན་ཀུན་རིན། དཔོན་ཆེན་དོན་ཡོད་དཔལ། དཔོན་ཆེན་ཡོན་བཙུན། ཡང་དཔོན་ཆེན་འོད་ཟེར་སེང་གེས་བསྐྱར་ནས་བྱས། དེ་ནས་དཔོན་ཆེན་རྒྱལ་བ་བཟང་པོ། དཔོན་ཆེན་དབང་ཕྱུག་དཔལ། དཔོན་ཆེན་བསོད་ནམས་དཔལ། དཔོན་ཆེན་ནམ་མཁའ་བསྟན་པའི་ཚབ་ལ། ཡང་དཔོན་ཆེན་རྒྱལ་བ་བཟང་པོ་ཁྱོན་གྱིས་བསྐོས་བསྐྱར་ནས་བྱས། དེ་ནས་དཔོན་ཆེན་དབང་བརྩོན། དེ་ནས་དཔོན་ཆེན་གྲགས་པ་རྒྱལ་མཚན། དེ་ནས་དཔོན་ཆེན་བློ་གྲོས་རྒྱལ་མཚན། དཔོན་ཆེན་དཔལ་འབུམ། དཔོན་ཆེན་གྲགས་དབང་། རྟིང་མ་མིང་གི་དཔོན་ཆེན་ལ། ཨ་མོ་གྷ་པ་རྣམས་བྱུང་ངོ་། །ས་སྐྱ་ནང་ཆེན་གྱི་རིམ་པ་ནི། ཐོག་མར་ནང་ཆེན་ཀུན་དགའ་བཟང་པོ། དེའི་ཚ་བོ་དཔོན་གཞོན་ནུ་དཔལ། དཔོན་ཀུན་གཞོན། དཔོན་དོན་གྲུབ་དཔལ། དཔོན་བློ། ཞ་ལུ་དཔོན་ཤེས། སྟོན་པ་རིན་ཆེན་དཔལ། དཔོན་གྲུབ་བཟང་། ཉེ་གནས་དཀོན་མཆོག་བཟང་པོ། ཉེ་གནས་འཇམ་རྒྱལ། ཡང་སྟོན་པ་རིན་ཆེན་དཔལ། ལུང་གིས་བསྐོས། སྟོན་པ་རིང་མོ། ཇོ་བཙུན་ཀུན་ཤེས། ཉེ་གནས་ཀུན་དགའ་འཕེལ། དཔོན་ཡོན་བཙུན་གྲགས་པ་དར། ལུང་གི་བསྐོས། སི་ཏུའི་དམ་ཁ་བྱུང་། ཡང་གསར་བསྐོས་བྱས། རིན་བསམ་དུ་དབན་ཤཱ་ལུང་གིས་བསྐོས། ཉེ་གནས་ནམ་མཁའ་རྒྱལ་མཚན་ལུང་གིས་བསྐོས། དཔོན་ཀུན་རིན་ཉེ་གནས་འབུམ་སྐྱབས། ནམ་མཁའ་དཔལ་དུ་དབེན་