[A:195]ཤ་ཉེ་གནས་བཟང་པོ་དཔལ། དཔོན་པོ་ཆོས་རྒྱལ། དཔོན་སེང་གེ་རྒྱལ་མཚན། ཤེས་རབ་འོད་ཟེར་དུ་དབེན་ཤཱ། དཔོན་པོ་དཀོན་མཆོག་རིན་ཆེན། ནང་པ་འཕགས་པ་དཔལ་བཟང་པོ། ནང་པ་ཀུན་དགའ་འབུམ། ནང་ཆེན་ཀུན་དགའ་འཕགས། ནང་ཆེན་རབ་མཐོར་འཕགས་རྣམས་སོ། །དཔོན་ཆེན་ནང་ཆེན་རིམ་པའི་བྱུང་ཚུལ་འདི། །མི་ཆེན་བློ་ཆེན་བྱ་ལས་འཛིན་པ་རྣམས། །བརྩེ་ཆེན་ཁུར་ཆེན་འཁུར་ཅིང་ཆབ་སྲིད་ཀྱི། །ས་ཆེན་བདེ་ཆེན་ཐོབ་པའི་རྒྱུར་གྱུར་ཅིག།།།