[A:197]རྩོད་དང་། མུས་མཛད་ལ་སོགས་བྱང་ཕྱོགས་ལ་ཡོད། སྲས་གཅིག་གཙང་གྲོམ་པ་དང་། ཤབ་སྲན། མྱང་སྟོད་སྨད་དུ་བྱོན་པས། མྱང་ཡུལ་དུ་སྲས་གསུམ་པའི་ཆེ་བ་། ཁྱུང་བཙད། བར་པ་བྲེ་བཙད། ཆུང་བ་ལ་ལྕེ་བཙད་ཟེར། ཁོང་མཆེད་གསུམ་གྱི་མྱང་སྟོད་སྨད་ལ་ཡུལ་བགོས། ས་རིས་བྱས་པ་ནི། ཕུ་ཧའོ་གངས་བཟང་ནས། མདའ་བཅུག་པ་གཅུང་པ་ཡུ་བ་གདོང་ཡན་ལ། བོད་འབྲོག་ཆ་སྙོམས་པའི་ཡུལ་སྡེ་ཆེན་པོ་གསུམ་དུ་ཕྱེ་ཏེ། ཕུ་བྱང་ཤར་རི་ནང་སྤང་མཁར་ལ་གཏད། མདའ་ལྷོ་ནུབ་གངས་ཡེ་ཤམ་བུ་ལ་གཏད་པ། བསེག་འགྲོས་སུ་ཡོད་པ་ལ། ཡུལ་སྡེ་ཆེན་པོ་གཅིག་ཏུ་བྱས་ཏེ། གཅེན་ཁྱུང་བཙད་ཀྱི་ས་མཚམ་གཙང་ཁང་བྲག་ཁ་ཡན་ཡིན། འདིའི་ས་ཁོང་ན་ཕུ་ན། འབྲོག་སྡེ་ཆེན་པོ་གསུམ་ཡོད་པ་ནི། གམ་རུ་རྒྱང་རུ་ཉིང་རུ་གསུམ། བར་ན་ཚོང་འདུས་ཆེན་པོ་གཅིག་ཡོད་པ་ནི། སལ་མ་ཚོང་འདུས་བྱ་བ་ཡོད་དེ། ཕྱིས་བཀག་ནས་གནས་སྙིང་དུ་འཕོས་པའོ། །ས་ཁོང་དེ་རྣམས་ན་མི་རིགས་མི་འདྲ་བ་གཉིས་ཡོད་པ་ནི། དྲག?བྲག ཤོས་རྣམས་ཤེས་རབ་ཆེ་དགེ་བ་ལ་བརྩོན་པ་ཁོ་ན་ཡོད་དོ། །ཕལ་ཤོས་རྣམས་སྡིག་ཤས་ཆེ། ཉ་དང་རི་དྭགས་རྔོན་པའོ། །ཟོང་སྣ་མི་འདྲ་བ་གསུམ་ཡོད་པ་ནི། ཞ་མོ་སྣམ་ཕྲུག ཕད་ཕྱར་ཡང་ཡོད། དེ་སྐོར་ཕུའི་འབྲོག་སྡེ་ཆེས། མདའ་ཞིང་ས་ཁྱོན་ཆུང་བས་ཆ་མ་སྙོམས་པས། ཤ་སེ་ཁོག་ཏུ་ཉོ་ཚོང་བྱེད་པར་བྱུང་ངོ་། །བར་པ་ལྡེ་བཙད་ཀྱི་དབང་རིགས། གཙང་གད་བྲག་ཁ་མན། སྣ་བོ་བྲག་རྡོག་ཡན་ལ། ཡུལ་སྡེ་ཆེན་པོ་གཅིག་ཏུ་བྱེད་པའི། དེའང་ཕུ་སྭ་མ་སཱའུ། བྱང་ཤར་དང་། མདའ་གབ་བྱ་དཀར། ལྷོ་ནུབ་ལ་བསྟན་པ། བསེག་འགྲོས་སུ་ཡོད་པ། ཕུའི་འབྲོག་སྡེ་གསུམ་ནི། རྒྱང་མཁར། སྐྱིད་མཁར། མག་ངག་རྣམས་སོ། །བར་གྱི་ཚོང་འདུས་གཅིག་ནི། འོད་གསུམ་ཏི་དུ་དགུའི་ཚོང་