R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 198
[A:198]འདུས་བྱའོ། །མི་རིགས་མི་འདྲ་བ་གཉིས་ནི། བྲག་ཤོས་རྣམས་ཤིན་ཏུ་ཕྱུགཞན་པ་རྣམས་དབུལ་ཞིང་འཕོངས། ཟོང་སྣ་མི་འདྲ་བ་གསུམ་ནི། རྔ་མ་ཕྱིངས་པ། སླེ་ཁྲ་ཡོད་དོ། །ཕུའི་འབྲོག་སྡེ་དང་། མདའི་ཞིང་པ་རྣམས་ཆ་སྙོམས་པས། ཤ་ཕྱེད་ཚོང་བྱེད་པ་བྱུང་ངོ་། །ཆུང་བ་ལྕེ་བཙད་གྱི་དབང་རིགས། སྣ་བོ་བྲག་རྡོག་མན་བཅུག་པ་ཡུ་བ་གདོང་ཡན་ལ། ཡུལ་སྡེ་ཆེན་པོ་གཅིག་ཏུ་བྱེད། དེའང་ཕུ་བྱང་ཤར་འཁོར་སྟོད་ལ་ཁ་དང་། མདའ་ལྷོ་ནུབ་ཆུ་སྒོ་གཞུང་ལ་བསྟན་པ། བསེག་འགྲོས་སུ་ཡོད་པ། དེའི་ཕུ་ན་འབྲོག་སྡེ་གསུམ་ནི། སྒྲོལ་ལྕགས་ར་གསུམ་མོ། །བར་གྱི་ཚོང་འདུས་ནི། གཙང་ཚོང་འདུས་མགུར་མོའོ། །མི་རིགས་མི་འདྲ་བ་གཉིས་ནི། བྲག་ཤོས་རྣམས་མཛངས་ཤས་ཆེ། ཞན་ཤོས་རྣམས་ཁྲམ་ཤས་ཆེའོ། །ཟོང་སྣ་མི་འདྲ་བ་གསུམ་ནི། གཙང་ཐེར། དོར་སྐྱེགས། སྟར་ཟོན་རྣམས་ཡོད་དོ། །ཕུའི་འབྲོག་སྡེ་ཆུང། མདའི་ཞིང་ས་ཁྱོན་ཆེས་ཆ་མ་སྙོམས་པས། ཤ་གཟུགས་ཚོང་བྱེད་པ་འབྱུང་ངོ་། །དེ་ལྟར་ཡུལ་བགོས་བྱས་པས། གཞན་གང་དང་གང་ཆ་སྙོམས་པར་བྱུང་ནའང་། གམ་རུའི་གཡམ་པ་ལེགས་པོ་དེ་ལ་གང་ཡང་ཡོང་། མི་འཛད་པའི་གཏེར་དང་འདྲ་བས། ཕྱུག་པ་དང་གཡམ་པས་རྒྱལ་ལོ། །ཟེར་བྱུང་ཞིང་། ད་ལྟ་ཁྱུང་གཡམ་དུ་གྲགས་སོ། །དུས་ཕྱི་རྟིང་བཙད་པོ་མཆེད་གསུམ་ལ། དར་གུད་བྱུང་ཏེ། ཡུལ་སྡེ་གསུམ་ག་གཅུང་པོ་ལྕེ་བཙད་ཀྱིས་བཟུང་། དེ་གོང་མྱང་སྟོད་གཞུང་ཕལ་ཆེ་བ་ཞིང་ལ་ཐག་མ་དང་། ཆུ་མིག་ལ་བརྟེན་པ་ལས་མེད་པ་ལ། ལྕེ་བཙད། ཤེས་རབ་དང་འབྱོར་སྟོབས་ཆེ་བས་ས་རྒྱ་འདི་ལ་བདེ་ཆོད་པའི་ཐབས་དགོས་པ་འདུག་ཟེར་ནས། མྱང་སྟོད་ཀྱི་བྱང་རྒྱུད་དུ། རྩ་རྣམས་ཀྱི་རྒྱལ་རྐས་དང་། ལྷོ་རྒྱུད་དུ་སྤང་ཡུལ་བཞེངས་ཀྱི་འོད་རྐ་བྱ་བ་དང་། མྱང་སྨད་བྱང་དུ་