R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 204
[A:204]གཤེགས། ཞལ་ཆེམས་བཞག་པ་བཞིན། དཔོན་ཡིག་འཕགས་པ་དཔལ་བ། དཔོན་ཚབ་ཏུ་ཁུར། མདུན་མ་རྩེ་གཅིག་ཏུ་བསྒྲིལ་པའི་ཆད་འགག་བསྡམས། དཔལ་ལྡན་ཤར་དགའ་བའི་བསྟན་པའི་མགོ་སྔོན་མ་དེ་ཉིད་ནས་ཚུགས་པར་བྱེད་དོ། །གསུམ་དེ་མཚམས་དབུས་གཙང་ཁྲི་སྐོར་དམག་གིས་དུང་རེང་ལ་འགག་སྒུགམཐར་འདེད་བྱེད་པར་བཤམས་པ། ཤར་དུང་རྣམས་རིང་ལྡན་ཟུར་ལ་འཆུར། ཁོས་ཕ་རོལ་ནས་གུར་ཤའི་རི་ཕུག་ལ་འཆུར་དུས། གོང་གསུམ་གྱིས་སྒར་པས་མཐར་འདེད་རྩིས་ལ། དུང་རེང་དེཔོན་དོན་གྲུབ་དར་གྱི་ལམ་བསྐྲད་ནས། དཔོན་འཕགས་པ་དཔལ་ཁྱོད་བསམ་པ་ཆེ་ན། ངེད་རྣམས་ལ་ཆས་ཁ་སྦྱིན་ནས་ཐོངས། ཟླ་བ་རྟིང་མ་ལ། ངོ་ལྟ་སླེབ་པ་བྱེད་ཟེར་བས། དེའི་ཕུགས་ཁེབས་ཆེ་བར་འདུག་བསམ་ནས། གཙང་མར་བཏང་བས་ས་སྐྱ་ནས་ཉེས་པ་ལ་ཐུག་པ་ཁད་ཙམ་བྱུང་ནས། བཟང་ཆད་བྱས་ལུགས་ཞུས་པས། ཟླ་དུས་ལ་དོན་གྲུབ་དར་གྱིས་ཤར་དུང་གིས་མི་སྣ་དྲག་བཏུས་ཐམས་ཅད་ཁྲིད། མི་ཁྱོད་ཀྱིས་བཟང་པོ་བྱས་ཕྱིན། ང་ཡང་བཟང་པོ་བྱེད་པ་ཡིན་ཟེར་ནས། མི་ནོར་ཐམས་ཅད་ངོ་བལྟས། དྲག་པ་རྣམས་ལས་འཛིན་ལ་བཅུག གཞིས་ཆགས་ནས། དུང་རེང་གིས་མི་རྒྱུད། མྱང་སྟོད་ན་ད་ལྟའང་ཡོད་དོ། །དེར་རྟིང་ཕག་རི་རིན་ཆེན་སྒང་དང་། ལྷོ་སྤ་གྲོ་བན་འཕྲེང་བའི། བློན་པོ་གྲགས་པ་འོད་ཟེར་འཇམ་གྲེངས་སྐུག གཞན་སླུ་རྒོད་ཐམས་ཅད་ཁ་དྲངས་ནས་ལྷོ་དུང་ཐམས་ཅད་བཏུལ། ནག་ཆེ་བ་རྣམས་ཀྱི་མགོ་ལག་རིན་ཆེན་སྒང་གི་མགོན་ཁང་། ཐེམ་འོག་ན་ཡོད། དེར་རྟིང་བླ་མའི་བཀའ་བཞིན། ཕག་རི་རྣམ་རྒྱལ་གྱི་རྫོང་བརྩིགས། ལྷོ་དུང་གིས་ས་ཆད་ཐམས་ཅད་འོག་ཏུ་བཅུགལས་སྒོ་ཆེ་ཆུང་རྣམས་བཙུགས། རྫོང་དཔོན་སྔོན་མ་ལ་གཅུང་པོ་འཕགས་རིན་པ་