[A:205]བསྐོས། དེ་ལྟར་ཤར་དུང་། ལྷོ་དུང་། རིམ་པར་ཐུལ་བས་དཔོན་ཇུས་དང་། རང་དོན་གྲུབ་པ་ཤིན་ཏུ་ཆེ་བར་བྱུང་། དེ་ལྟར་ས་སྐྱ་ནང་ཆེན་གྱིས་གོ་སར་ཡང་ལོ་འགའ་བཞུགས་ཤིང་། མི་རྩག་པ་སག་ཤི་དར་ར་ཁ་ཆེ། ཏི་ཤྲི་ཀུན་རྒྱལ་བས་ཕྱག་ཕྱིར་གོང་དུ་བརྫངས། ཧོར་རྒྱལ་པོ་ཐོ་གན་ཐི་མུར་ལ་ཞུས་ནས་སི་ཏུའི་མཚན་དང་། ཐམ་རྟགས་འཇའ་ས་བླངས། ཤམ་པོ་རྩེ་དགུའི་ལྡན་ལ། ལྷ་ཁང་དང་བདེ་ཡངས་ཆེན་མོ་བཞེངས། ཆོས་སྡེ་བཏབ་རྫོང་རྩེ་ཆེན་ཟེར་བར་མིང་བཏགས། རྒྱལ་མཁར་གྱིས་རི་བསྲུང་བའི། རྩེ་ཁང་དང་། ལྕང་ར། བརྒྱ་གྲོང་གིས་ས་མཁར་བརྩིགས། དེར་རྟིང་ཕག་མོ་གྲུ་པ་སི་ཏུ་བྱང་རྒྱལ་བ་དང་། ཐུགས་ཉེ་འབྲེལ་ཟབ་པོ་ཡོད་པས། སྣེ་གདོང་དུ་བྱོན་ཟེར་བ་བྱུང་བ་ལ། ཐུགས་བཀལ་ནས་བྱོན་པས། སི་ཏུ་པ་གྲོངས་པ་དང་ཐུག བྲོས་པ་རྣམས་ཀྱིས། བྲ་ཕྱི་ཚོང་འདུས་སུ་བཟང་བཙོན་ལ་སྐོང་དུས་སུ་ཕྱག་ཕྱི་བ། དགེ་སློང་ཤཱཀ་བཟང་དང་། ཨ་པོ་བཀྲ་ཧོར། ཡར་ཀླུངས་དགེ་བསྙེན་ལ་སོགས། དཔོན་ཞེན་ཅན་རྣམས་ཀྱི་སེམས་ཁུར་བྱས་པས། གཙང་མར་ཐོན། ཡར་བྱོན། གནས་རྙིང་དུ་བཞུགས། རྩེ་ཆེན་ལྕང་ར། རྒྱ་གྲོང་ནང་ན་ཕག་རིན་པ་སྐུ་མཆེད་བཞུགས་པ་ལ། སྣེ་གདོང་ནས་ནག་པོ་ཚུལ་བཟང་དང་། པག་ཤི་དཀོན་མཆོག་སྐྱབས། མདའ་ཕོག་ནས་འདས་པས། དམག་དཔུང་བྲོས་ཐབས་ལ་ཕྱིར་ལོག་དགོས་བྱུང་ནས། ཤར་དགའ་བའི་བསྟན་ཇུས་ཀྱི་གཞི་གཅིག་དེ་ནས་ཚུགས་པར་བྱེད་དོ། །ཏའི་སི་ཏུ་འཕགས་པ་དཔལ་བཟང་པོའི་སྲས་ཆེ་བ། ནང་ཆེན་ཀུན་དགའ་འཕགས་པས་ཡོང་། རྒྱལ་མཁར་རྩེ་རྫོང་དང་། འདུག་ཆུང་གི་ས་མཁར་བཞེངས། སྟག་རྩེ་རྫོང་ཕག་མོ་གྲུ་པའི་ལག་ནས་བླངས། ས་སྐྱ་ནང་ཆེན་གྱིས་ཁོག་པར་ཞུགས་ནས། སྡེ་སྲིད་ཆེན་