R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 203
[A:203]དགེ་བསྙེན་ཞུས། བླ་མའི་མཚན་ལས་དྲས་ནས། འཕགས་པ་དཔལ་བཟང་པོ་ཟེར་བའི་མཚན་བཏགས། འཕགས་པའི་མིང་ཅན་མི་རབས་བདུན་གྱི་བར་ལ། བསྟན་ཇུས་མངའ་ཐང་ཡར་འཕེལ་དུ་འབྱུང་བར་འགྱུར་རོ་ཞེས་པའི་བཀའ་གནང་། དེ་ནས་ལར་རྒན་ལ་བྱོན་སྟེ། བོད་མཁར་སྔོན་མོ་ལུང་དུ་བཞུགས་པའི་ནུབ་མོ། ལྷ་བྱོན་ནས་འདིར་མཁར་གཞིས་ཕོབ། ངའི་ལྷ་རྟེན་ཚུགས་ཟེར་བ་བྱུང་ནས་བཞུགས་པས། ལྷ་ཡུལ་སྔོན་མོ་ལུང་དུ་གྲགས་པ་བྱུང་ངོ་། །དེའི་སྐབས་སུ། ཡུལ་པ་རྣམས། ས་སྐྱར་འདབ་སྐོར་འབུལ་དུ་འགྲོ་དུས་ཡིག་རིས་དགོས་པས་གྲོགས་ལྡན་ལ། དཔོན་ཡིག་བཟང་པོ་དཔལ་བའི་ཀྱང་། ཐེངས་འགའ་བྱོན་པས། ས་སྐྱ་ནས་ནང་ཆེན་གྱིས་ཡིག་མཁན་ལ་བསྐོངས། དེ་ནས་ཡུན་རིང་མ་འགྱངས་པར། བླ་མ་བདག་ཉིད་ཆེན་པོ་བཟང་པོ་དཔལ་བའི་དྲུང་དུ། ཡིག་ཚང་པའི་མཐིལ་བཞུགས་ཐོབ། ཐུགས་རྗེས་བཟུང་ནས་མངའ་ཐང་ཡར་འཕེལ་དུ་བྱུང་ཞིང་། མ་ཅིག་ལྷ་མོ་སྨན་ལ། །སྲས་པོ་འཕགས་པའི་རིན་ཆེན་དང་། མ་སངས་དར་པོ་དང་། སྔོན་མོ་ལུང་དུ་འཁྲུངས་སོ། །སྲས་ཆེ་བ་ལ་ཀློག་ཡིག་མཁས་པར་བསླབས། གཞོན་ནུ་ཉིད་ནས་ས་སྐྱ། བླ་མའི་དྲུང་དུ་སྐྱབས། མ་སངས་ཀྱི་སྤྲུལ་པར་སོང་ནས་གཞན་ལས་འཁྲུངས་བསྐྱེད་ཆེ་ཞིང་། བྱ་བའི་རྣམ་དབྱེ་ཤིན་ཏུ་མཁས་པ་ཞིག་བྱུང་བས། ཁམས་པ་དགེ་འདུན་རྒྱལ་མཚན་རྣམས། དུང་རེང་གི་ཁ་ནོན་དང་སྔགས་པའི་ཟླ་ལ། ཡི་གེ་ཤེས་པ་ཞིག་ཀྱང་དགོས་པ་བྱུང་བས། ཁོང་པ་བཏང་། ཁམས་པ་མི་བདུན་པོས་ཐོག་དྲངས་རྒན་པ་གོང་གསུམ་བར་དགར་བྱས་པའི། ཤར་དགའ་བར་གྲགས་པ་དེ་ནས་བྱུང་། ཁམས་པ་རང་བཞུགས་རིན་ལའང་། དུང་རེང་གི་ཁ་ནོན་རབ་ཏུ་བྱུང་ཞིང་། ཁོང་པ་བོན་ནག་འོད་ཆེན་དུ་སྐུ་