[A:206]པོའི་བསྟན་ཇུས་ཡར་འཕེལ་གྱིས་མཛད་འཕྲིན་རྒྱ་ཆེ་བར་མཛད། གཅུང་པོ་ཏའི་སི་ཏུ་བསོད་ནམས་དཔལ་བས། རྫོང་རྩེ་ཆེན་བཟུང་། ཕྱི་ནང་དུ། དགྲ་ཟུན་གྱི་བླང་དོར། སྡེ་གཟར་ཅི་རིགས་པ་དགོས་པ་བྱུང་ནའང་། མ་སངས་ཀྱི་སྤྲུལ་པ། ཐབས་ལ་མཁས་པའི་སྐྱེས་བུ་དཔའ་མཛངས་འཇོམས་འདུག་པས། མཐར་ཐུག་དགྲ་གཉེན་བླང་དོར་མ་ནོར་པའི་འདུལ་སྦྱོངས། ས་སྐྱ་པའི་ཞབས་ཏོག སྤྱི་ཇུས་སུ་ཆེ་བ་དང་། མ་ལས་བུ་དགའ་བའི་རྫོང་བཞི། ཤབ་སེང་གེ་རྩེ། སྡེ་ཆེན་རྩེ། འཇད། བོ་དོང་ལ་སོགས་པའི་མངའ་ཞབས་གསར་འཕེལ་རིམ་པར་ཆོད་ཅིང་། རྒྱའི་ཏའི་མིང་རྒྱལ་པོས། ཏུ་སིའི་མཚན། དངུལ་དམ་ལུང་བཟང་པོ་དང་བཅས་པ་གནང་ནས། དཔལ་ལྡན་ས་སྐྱ་པས་ཐོག་དྲངས། གཙང་སྲིད་སྤྱི་དགོས་ཀྱིས་བསྟན་པའི་སྲོག་ཤིང་ལྟ་བུར་བཞུགས་པ་འདི་ལགས་སོ། །དེའི་སྲས་ཆེ་བ་དཔོན་པོ་རྒྱ་མཚོ་པ། སྐུ་ན་གཞོན་རབ་ལ་སྐུ་གཤེགས། གཅུང་པོ་དབོན་པོ་རིན་ཆེན་འཕགས་པ་ལ། ཏའི་མིང་རྒྱལ་པོས། སུ་སིའི་ལས་ཀ་གནང་ཞིང་། སྡེ་སྲིད་འཛིན་སྐྱོང་གིས་ཕྲ་རགས་ཐམས་ཅད་ཡབ་ལས་མི་ཞན་པ་བྱུང་བའི། སྙན་གྲགས་ཡར་འཕེལ་དུ་བཞུགས་སོ། །འཕགས་པ་རིན་པོ་ཆེའི་སྲས་ཆེ་བ། རྩེ་ཆེན་ཆོས་རྗེ་པ་མདོ་རྒྱུད་ཀྱིས་དགོངས་པ་རྣམས་ཐུགས་སུ་ཆུད་སྟེ།རྣལ་འབྱོར་གྱིས་དབང་ཕྱུག་ཆེན་པོ་དེ་ཉིད་ཀྱིས་འགྲོ་བའི་འདྲེན་པ་ལ་སྐུ་བརྟན་པར་བཞུགས་སོ། །དེའི་གཅུང་པོ་རྒྱལ་ཆེན་པ། ཡང་དཔོན་པོ་ཤཱཀྱ་དཔལ་བ་དང་། ཆེན་པོ་དབང་རྒྱལ་བས། ས་སྐྱ་ནང་ཆེན་བཟུང་། ནང་ལྟར་གྱིས་མཐུན་སྦྱོར་མཛད་པ་དང་། མི་མཐུན་ཕྱོགས་རྣམས་ཀྱིས་སྤྱི་ཐོགས་སུ། རི་བོ་ལྟར་བརྗིད་པ་ཞིག་བྱོན་པར་གདའོ། །ཡང་མ་སངས་དར་པོའི་སྲས། ཨ་ཆེན་བཟང་པོ་