[A:211]དགོངས་པ་དང་མཐུན་པའི། རང་ཕྱོགས་ལ་བྱང་སེམས་དང་ལྡན་ཞིང་། གཞན་ཕྱོགས་སུ་ནོན་ཤིན་ཏུ་ཆེ་ཞེས་ཕྱི་ནང་ཀུན་ཏུ་བསྟོད་ཅིང་སྨོན་པའི་གནས་སུ་གྱུར་ཏོ། །གཅུང་པོ་དམག་དཔོན་བཀྲ་ཤིས་འཕགས་པ་ནི་སྐུ་གཞོན་ནུ་ཉིད་ནས། ཡབ་མེས་གོང་མ་རྣམས་ཀྱི་མཛད་སྲོལ་དང་མཐུན་པར། དགྲ་རི་དྭགས་ཀྱི་ཕྱོགས་ལ་ཞལ་བསྟན་པ་ཙམ་གྱིས། ཕ་རོལ་ཕམ་པར་ནུས་ཀྱིས། ཇུས་དང་དགྲ་ཐབས་ལ་ཤིན་ཏུ་ཕན་པས། དུས་ཀུན་ཏུ་གཡུལ་ལས་རྒྱལ་བ་ཁོ་ན་བྱུང་བས་ན། དམག་དཔོན་རིན་ཆེན་དང་ཆོས་མཚུངས་ལ། དེའི་དོན་གྱི་གནད་གང་ཆེའི་རྫོང་ས་བཟུང་དུ་བཞུགས་པས། མངའ་ཞབས་ཡར་འཕེལ་དུ་ཆོད་པ། ཀུན་གྱི་མཐུན་སྣང་དུ་གྲུབ་པ་འདིས། མི་དབང་སྐུ་མཆེད་དེ་རྣམས་ཀྱི་དབོན་སྲས། དྲུང་བཀྲ་ཤིས་རབ་བསྟན་འཕགས་པ། དཔལ་བཟང་པོ་དེ་ཉིད་ཀྱང་། ཆོས་འབྲངས་ཁུངས་ནས་བྱུང་བ་ཡིས། རྗེ་བཙུན་གྱི་ཡོན་ཏན་ཐམས་ཅད་ཚང་བས། ཆོས་རྒྱལ་ཆེན་པོའི་ཞལ་ནས། འདི་ནི་སྡེ་སྲིད་ཀྱིས་བསྟན་པ་འཛིན་པའི་སྐྱེས་བུ་དམ་པར་འགྱུར་རོ་གསུངས་ཤིང་། མཛད་འཕྲིན་མཐོང་ཐོས་ཀྱི་སྐྱེ་བོ་ཐམས་ཅད་ཀྱང་མགྲིན་གཅིག་ཏུ་བསྟོད་ཅིང་། སྙན་གྲགས་བརྗོད་ཅིང་སྐུ་བརྟན་པར་བཞུགས་པ་ལགས་སོ། །ཆོས་རྒྱལ་སྐུ་མཆེད་ཡབ་སྲས་མངའ་ཐང་དང་། །བློན་པོ་སྡེ་ཇུས་ཁུར་གྱིས་མི་ངལ་ཞིང་། །ཞི་དྲག་ཐབས་ལམ་བློ་གྲོས་བང་མཛོད་རྒྱས། །སྡག་བསྔལ་ནད་གསོལ་སྨན་པའི་རྒྱལ་པོ་དང་། །ཤེས་རབ་སྤྱན་ལྡན་འཇམ་དབྱངས་དཔོན་བཙུན་དང་། །སྡེ་ཇུས་བྱ་བ་མཁས་པ་སངས་རྒྱས་གསུམ། །འདི་འདྲའི་བློན་རྗེ་ན་རིམ་བསྣན་པ་ཡིས། །སྡེ་པ་སུ་ལང་འདུག་པ་མཐོང་མ་མྱོང་། །རྗེ་བློན་ཤས་ཆེ་སྡེ་