R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 210
[A:210]མོར་མཚན་གསོལ། དཔུང་མི་ལག་ཏུ་ཟས་ནོར་གདངས་ནས། ངལ་དུབ་དང་ཕངས་པ་མེད་པའི་ཕན་ཆ་མཛད་པའི། སྲིད་རྟོགས་ཡར་འཕེལ་དུ་གྱུར། མི་མཐུན་ཕྱོགས་པའི་ཐད་དུ་དཔའ་དཔུང་འཇོམས་པའི་ང་རྒྱལ་གྱིས། ཡར་མར་གང་དུ་སུ་དང་ཐུག་ཀྱང་། ཇུས་ཀྱིས་རྒྱལ་ཁ་ལོན་ཅིང་། ནོར་བུ་ཁྱུང་རྩེ་དང་། གཡུལ་རྒྱལ་སྟག་རྩེ། སྟོད་དུ་ལྡན་དཀར་རྫོང་། སྨད་དུ་ཡར་འབྲོག་སྟག་ལུང་། ལྷོ་བྲག་སྐོར་ལ་སོགས། རྫོང་བཞིའི། མངའ་ཞབས་གསར་དུ་ཆོད་པ་མང་ཞིང་། ཁྲི་སྐོར་བརྟན་ལྷིང་གཙོ་བོར་སྟོན་པས། ཆེན་པོ་དགྲ་ལ་བྱམས་བྱས་ནས། །ཐ་མར་དགྲ་བོ་དབང་དུ་སྡུད། །མང་པོས་བཀུར་བས་ཀུན་བསྐྱངས་པས། །ཀུན་གྱིས་རྒྱལ་པོ་དབང་བསྐུར་རོ། །ཞེས་གསུངས་པ་ལྟར། སྲིད་མི་གཅིག་པ་རྣམས་ཀྱང་སྲིད་ལ་མཐུན་པར་བྱེད་དོ། །འདིར་སྡེ་སྲིད་འཛིན་པའི་གོ་ས། མཐོན་པོར་ཕེབས་ནས། མངའ་ཞབས་སྔར་ཡོད་རྣམས། བོ་ཟགས་མེད་པའི་སྟེང་དུ། རྩ་སྲིད་བྱིན་པོའི་གཙོ་བོར་གྱུར་ཅིང་། གདན་ས་ཆེན་པོ་དང་། དཔལ་ལྡན་ལྷ་རྩེ། མདོགམུས། ཆུ་འདུས་མན། གོང་དཀར། འཕྱོངས་རྒྱས་སྟག་རྩེ་ཡན། འབྲེལ་ཆགས་སུ་ཟིན་ནའང་། བྱང་ཕྱོགས་ཀྱི་སྲིད་པོ་རྣམས་ཀྱང་། དེའི་བཀའ་ལུང་དང་དུ་ལེན་ཅིང་། དེ་དག་ཐམས་ཅད་ཀྱི་རྒྱལ་ཁྲིམས་བདག་པོ། མཐུ་སྟོབས་དང་ལྡན་པར་གྱུར་པས་ན། སྐུ་ལྔའི་གཟི་འོད་གསུང་གིས་ང་རོ་དང་། ཐུགས་ཀྱིས་སྟོབས་ཀྱི་རྒྱལ་ཁྲིམས་གནོན་པ་དང་། ཕྱག་དོར་གྱི་སྤྲུལ་པ་ཡིན་ཞེས་ཚིག་དོན་མཐུན་པར་གྲགས། བར་པ་ནང་ཆེན་རབ་འབྱོར་འཕགས་པས། ས་སྐྱ་ནང་སོར་ཕེབས་ནས་ཏི་ཤྲི་ཆེན་པོ་ཆོས་རྒྱལ་ཐེག་ཆེན་ཆོས་རྒྱལ་གྱི་ཐོག་དྲངས་པའི། གདུང་རྒྱུད་ཁུ་དབོན་པའི་ཞབས་ཏོག་དང་། སྡེ་སྲིད་ཀྱིས་འཛིན་སྐྱོང་རྣམས་ཀྱང་། གཅེན་གྱིས་