R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 216
[A:216]གཉེར་གྱི་བཀའ་སྤྱད་བྱས། དགེ་བཤེས་ཀྱི་སྙན་གྲགས་ནི་ཐོབ། ས་སྐྱས་གསང་སྔགས་ཟབ་མོའི་བདག་པོ་ཡིན་པས། ད་ཡང་གསང་སྔགས་དང་མཐུན་པར་མཛད་ན་སྐུ་ཁམས་ཀྱི་འཚོ་སྐྱོང་དུའང་འགྱུར་ལ། མ་འོངས་པའི་དུས་སུ། བུ་སློབ་རྗེས་འཛིན་སོགས་ལའང་ཁྱད་ཆེ་བར་ཡོང་ཟེར་བ་ལ་གསན་ནས་མྱང་སྟོང་བྱེད་མདའ་བ། མ་གཅིག་མཁའ་འགྲོ་འབུམ་མངོན་ཆུང་ངུས་གྱོག་གཞིས་ཀ་རུ་བཞགཕྱག་རྒྱ་བསྟེན་པ་ལ་སྲས་གསུམ་བྱུང་བའི་ཆེ་བ་བན་རྒན་བློ་གྲོས་རིན་ཆེན། བར་པ་དྷརྨ་དཀོན་མཆོག ཆུང་པ་དཔོན་ཀུན་དགའ་དོ་རྗེ་རྣམས་བྱུང་། བར་པ་འདི་འགྲོ་མགོན་ཕྱག་ནའི་སྲས། དྷརྨ་ཕ་ལ་རཀྵི་ཏ་དང་། ལོ་ཟླ་ཞག་དུས་མཉམ་དུ་འཁྲུངས་པ་ན། མཚན་འདི་ཆོས་རྒྱལ་འཕགས་པས་བཏགས་པར་བྱེད་དོ། །དེའི་དུས་སུ་རྒྱལ་བུ་ཆོས་དཔལ། བོད་འཆོས་པ་ལ་བྱོན་པས། བསུ་སྐྱེལ་ཞབས་ཏོག་ལ་དགེ་བཤེས་ཆེན་པོ་དེ་བས། འབད་རྩོལ་སྐྱེས་པས། ཉི་མ་ནུབ་ཕྱོགས་ཀྱི་བྱ་བ་རྣམས་ལེགས་པར་གྲུབ་ནས་ཕྱིར་བྱོན་དུས། སོག་ས་མདོ་བར་སྐྱེལ་ཐུང་ལ་བྱོན་པར་རྒྱལ་བུ་མཉེས་ནས། བྱང་རེ་ཐག་ཕྱིར་ཐན་གང་འདུག རིན་ཆེན་བརྩོན་འགྲུས་མི་རྒྱུད་དང་བཅས་པ་ཤེས་སུ་ཆུག་ཅིང་། ཁྱེད་ཀྱི་ཤེད་མོང་འདབ་པ་བཞིན་དུ་བུ་ཚ་བོ་རྣམས་ཀྱིས་ཀྱང་། གོང་མ་ཡོན་མཆོད་ལ་ཤེད་མོང་འདབ་ཆུག་ཟེར་བའི། ལུང་ཇི་བཟང་པོ་གནང་། དེ་ནས་དགེ་བཤེས་ཆེན་པོ། ས་སྐྱའི་ཚོང་དུས་ཁང་ལེབ་ཏུ་ཞི་བར་གཤེགས་རྟིང་། སྲས་ཆེ་བ་བན་རྒན་པས། ཡབ་ཀྱི་རྗེས་སུ་ཞུགས་ནས་ཁྲིམས་ཀྱི་བྱ་བ་དང་། ས་སྐྱ་པའི་ཞབས་ཏོག་ནང་སོའི་མཐིལ་ལེན། དགོས་སུ་བླ་མ་བདག་ཉིད་ཆེན་པོའི་ཞབས་ལ་གཏུག ཤེད་མོང་གདབ། ཏ་ཏུའི་ཕོ་བྲང་དུ་བྱོན་པས། བླ་མའི་སྐུ་དྲིན་ལ། ཨོ་ལ་ཇ་དུ་རྒྱལ་པོའི་ལུང་ལྷ་