R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 219
[A:219]བཞིན་ཡོང་བའི་འབབས་སའི་གནས་གཞི་ཞིག་བརྩིགས་དགོས་ཞུས་པས། གང་འོས་ཚོལ་གསུངས་པ་ལ། ཤངས་ན་ཨེ་མར་སྒང་རྒྱུད་ནས་ས་ཆེ་བར་འདུག་པས་འདི་དགོས་ཞུས་པས། གྱེ་རེ་བབས་ལ་གདོང་ཡན། ཐག་མ་ངལ་གདོང་། ཉང་རི་ཤི་ཅིག་མན་གྱི་ས་ཆ། རྒྱལ་བ་བཟང་པོའི་རྟ་སྒ་འབོགས་ལ་བྱིན་ཅིང་། དེ་ཁོངས་གང་འོས་སུ་གནས་གཞི་བརྩིག་ཏུ་ཆུག་གསུངས་པའི་ལུང་བཟང་པོ་གནང་བས། ཡར་ཕེབས་ནས་ཤངས་མཐོང་སྨོན་གྱི་ས་ཆ་འདི་ན། ཀླུ་གནས་པའི་རྫིང་ཞིག་འདུག་པས། མིང་དང་གང་ས་ནས་རྟེན་འབྲེལ་ལ་ལེགས་པས། འདི་ཁོངས་སུ་ཆུག་པ་གྱིས་གསུངས་ལྕགས་རི། དཔེ་ལྕོག་རྣམས་ཀྱི་དཀྱིལ་དུ་ཁང་ལེབ་ཆེན་མོ་དང་བཅས་པར་བཏབ། དེར་རྟིང་གོང་མ་ཡོན་མཆོད་ཀྱི་སྐུ་རིམ་སྨོན་ལམ་འདེབས་ཤིང་། སྤོས་བསྲེགས་པའི་ལྷ་ཁང་ཞིག་བཞེངས་སུ་བཅུག་དགོས་ཟེར་བའི་ཞུ་བ་གོང་དུ་བཏང་བས། དེ་བཞིན་ཡིན་ཆུག་གསུངས་པའི་ལུང་ཕེབས་ནས།ཉུག་རྒྱལ་ཁང་རྒྱལ་པོའི་ཕོ་བྲང་ལ་དཔེ་བླངས་ན་བཞེངས། ཆོས་སྡེ་འདི་སྔོན་བོད་རྒྱལ་བློན་བཞུགས་དུས་ཀྱི་བཀའ་བསྩལ་རྙིང་པ་དང་། རམ་སྡིང་མ་བས་དགོན་ལག་རྙིང་པ་ད་ཆ་མེད་པ་ཞིག་འདུག་པའང་། དཔོན་ཆེན་པས་རྒྱལ་ཁང་བཞེངས་པ་དང་མཉམ་དུ། ས་པཎྜི་ཏ་འཇིགས་མེད་གྲགས་པ། ཆོས་དཔོན་ལ་གདན་དྲངས། དགོས་ཀྱི་མངའ་ཞབས་ལ་བཙུན་ཁྲལ་ཐེངས་གཉིས་རྒྱབ་ནས་བཤད་གྲྭ་བཙུགས། ཆོས་སྡེའི་ཤེད་མོང་སྐྱེད། ཆོས་ཁྲིམས་དར་བར་མཛད་ཅིང་། ཡབ་ཡུམ་གྱི་ཕྱི་བསྟན་ལ། གཡེ་མར་སྒང་སྟོད་དུ། སྐུ་འབུམ་ཆེན་མོ་བཞེངས། ཞ་ལུ་བུ་སྟོན་རིན་པོ་ཆེ་གདན་དྲངས་ནས། རབ་གནས་དབུས་གཙང་དུ་རྒྱས་པའི་དཔེ་ཐུབ་པ་མཛད། ལུང་གི་བསྐོས་པའི་དཔོན་ཆེན་གཉིས། བྱང་སའི་ཕྱག་ཚབ་ཅིག་