[A:220]དང་བཅས་པས། གོང་དུ་དབུས་གཙང་དང་། དཔོན་ཆེན་ཐེངས་གསུམ་མཛད་པས། དེ་བར་ལ་གདན་ས་ཆེན་མོའི་ཞབས་ཏོག བླ་མ་ལ་བཀུར་སྟི། མངའ་ཞབས་ཀྱི་སྐྱོང་ཐར། ཕག་གྲུ་ཁྲི་དཔོན་དང་། ཁམས་པ་ལ་སོགས་ཁྲིམས་འགལ་མུ་མེད་བྱེད་མི་རྣམས་ལ། དྲག་ལས་ཀྱི་འཇུན་འདུལ། གཞན་ཡང་རྒྱལ་ཁྲིམས་ཆེན་པོའི་བྱ་བ་ལའང་། ཉེ་རིང་མེད་ཅིང་བླང་དོར་མ་འཛོལ་བར་བྱུང་བས། ཀུན་གྱི་བྱང་ཆུབ་སེམས་དཔའི་དཔོན་ཆེན་དུ་གྲགས་ཤིང་། གོང་ནས་རྟིང་མ་ཕེབས་རྗེས་ལ། སྲས་བློ་གྲོས་རྒྱལ་མཚན་པ་བྱུང་བ། གཅེན་དཔོན་ཆེན་གྲགས་རྒྱལ་དང་། དགུང་ལོ་བཅུ་བདུན་བཅོ་བརྒྱད་ཀྱི་ཁྱད་ཡོད་པས་ན། གྲགས་རྒྱལ་བའི་སྲས་ཡིན་པར་བྱེད་པ་ཡང་ཡོད་ལ། ཁོང་གཉིས་ཀྱི་བར་དུ་དཔོན་པོ་ཧོར་ཚས་དཔོན་ཐོག་ཏུ་ལོ་གཅིག་གཉིས་བཞུགས་ཟེར་བའང་གླེང་། དཔོན་ཆེན་རྒྱལ་བ་བཟང་པོ་བས། ཁྲིམས་གཉིས་ཀྱི་བྱ་བ་དཔོན་ཆེན་དབང་བརྩོན་ལ་འཕྲོད་པའི་སྐབས་སུ། ལྷ་རྩེའི་གཟིམས་ཁང་ལྷོ་མར་བདེ་བར་གཤེགས་ནས། སྤུར་བཞུ་དུས། ཐུགས་ལྗགས་དང་བཅས་ཏེ་བྱོན་པ་དེ། གཟིམས་ཁང་གུང་རིགས་ལ། ཆོས་རྒྱལ་འཕགས་པའི་སྐུ་འདྲ་ཡོད་པ། དེའི་ཐུགས་ཀར་ཐིམ་པ་ཀུན་གྱི་མཐུན་སྣང་དུ་གྲུབ་བོ། །ཕྱིས་སྐོར་གྱི་དཔོན་ཆེན་ལ། འདི་ཉིད་བླ་མ་ལ་གུས་ཞིང་ཁྲིམས་གཉིས་ཀྱི་བྱ་བ་ལ་མཁས་པར་བྱེད་དོ། །དཔོན་ཆེན་པའི་སྲས་པོ་གྲགས་པ་རྒྱལ་མཚན་པས། སྔོན་ས་སྐྱ་ནང་ཆེན་བཟུང་། རྟིང་ལ་དཔོན་ཆེན་གྱི་མིང་ཐོབ། ཤང་མཐོང་སྨོན་བཟུང་བའི་སྐབས་དེར་སྐུ་གཤེགས་སོ། །གཅུང་པོ་དཔོན་པོ་ཧོར་ཚའི་སྲས། སྣ་དཀར་བ་དཔོན་ཀུན་དགའ་རྒྱལ་པོ་རྒྱུད་ཆད། བློ་གྲོས་རྒྱལ་མཚན་པས། སི་ཏུའི་མིང་དང་ལས་ཀ་ཐོབ། དཔོན་ཆེན་པས་དབོན་པོ་འདི་དང་། མཐོང་