[A:218]མཐར་དེད་པས་སོག་ལ་སྐྱ་བོའི་ཞོལ་ན། སྒར་ཆེན་ཞིག་འདུག དེའི་ཁྲོད་ན་ཆིབས་པ་ཡང་འདུག་ནས། མགྲོན་མཉེར་བ་ལ་རྒྱུ་མཚན་བཤད། སྒར་འདི་སུའི་ཡིན་བྲིས་པས། མ་སངས་གྱི་སྒར་ཡིན། གེ་སར་དང་རྒུ་ལྡི་ལ་སོགས་པ་ཡོད་ཟེར། གུར་ནང་དུ་ཁྲིད། རྒུ་ལྡི་ཡིན་ཟེར་བ་དེ་ན་རེ། ངེད་ཀྱི་ཁ་སིང་ནས་བྱང་སྟོང་ལ་ཡོང་། དཔོན་ཆེན་པ་དང་མཇལ་རྩིས་ལ་མ་མཇལ། ད་གཟོད་ཁྱེད་ཀྱི་དཔོན་པོ་ཞིག་ཡོད་པ་དེ་དང་། ཡང་ཡང་འཕྲད་ཟེར་བ་གྱིས་ལ། རྟ་དང་མདའ་རྒོད་སྒྲོ་མ་འདི་ཕུལ་ཟེར་ནས་ཁྱེར་ཡོང་། དཔོན་ཆེན་པ་ལ་ཕུལ། དེར་རྟིང་དཔོན་པོ་རྒོད་པོ་རིན་ཆེན་འཁྲུངས་སོ། །དཔོན་ཆེན་རྒྱལ་བ་བཟང་པོ་དེ་ཉིད། ཏི་ཤྲི་ཀུན་རྒྱལ་བའི་ཞབས་ལ་གཏུག གོང་ལ་ཕྱག་ཕྱིར་བྱོན། བླ་མའི་སྐུ་དྲིན་དང་། ཁྲིམས་ཀྱི་བྱ་བ་ལ་མཁས་པས། སྔོན་ལ་དབོན་ཤྲི་དང་། དེར་རྟིང་དུ་དབུས་གཙང་གི་དཔོན་ཆེན་སྔུན་མ་ཐོབ། ཡར་ཕེབས་དུས་རྒན་པས་ཞལ་ཏ་མཛད། ཇོ་མོར་བླ་མ་མུས་ཆེན་པོའི་དབོན་མོ་དང་། དཔོན་མོ་ཇོ་མོ་རིམ་པར་བླངས་ནའང་། སྲས་མ་བྱུང་བ། ཞལ་ཏ་མ་འབུམ་རྒྱན་བྱ་བ་ལ་སྲས་གྲགས་པ་རྒྱལ་མཚན་པ་བྱུང་ཞིང་། རྟིང་ལ་སྲས་ཟུར་དུ་དབོན་པོ་ཧོར་ཚ་བྱ་བ་ཞིག་ཡང་བྱུང་། དཔོན་ཆེན་པས་དབོན་པོ་དཀོན་མཆོག་འོད་ཟེར་བྱང་ཁྲི་དཔོན་ལ་བསྐོས། སྲས་པོ་གྲགས་པ་རྒྱལ་མཚན་པ་ས་སྐྱ་ནང་སོར་བཞག དབུས་གཙང་བདེ་བ་ལ་བཀོད་ནས། དབོན་པོ་དཀོན་མཆོག་རིན་ཆེན་པ་ཕྱག་ཕྱིར་ཁྲིད་ཏེ། ཡང་གོང་མ་ཡོན་མཆོད་ཀྱི་ཞབས་དྲུང་དུ་བྱོན་པ། སྔོན་རྟིང་དྲིལ་བས་ལོ་བཅོ་བརྒྱད་ཙམ་གོང་དུ་བཞུགས། སོན་ཇིང་དབེན་གྱི་རྩ་བའི་དཔོན་ཆེན་ལོ་ཞང་ལན་གསུམ་མཛད། ལུང་གུ་ཏ་ཧའི་ཟོན་གནང་། ཡར་འབྱོན་ཁར་ངའི་སྦྲ་བེར་ཁྱུང་གསུམ་གྱི་ཚོང་པ། བོད་ལ་ལོ་རེ་