[A:221]སྨོན་སྦྲགས་ནས་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་ལ་སྤྲད། གཙང་ཕྱོགས་ཀྱི་སྡེ་པ་དར་ལྕོག་དཀར་པོ་འཛུགས་པའི་སྔོན་མ་བྱས་ཟེར་བ་འདུག འདིའི་རིང་ལ་མཐོང་སྨོན་པད་ཆེན་བཞེངས། སྒོ་པད་ཟུར་ལྕོག་རྣམས་ཀྱི་ཁ་སྒྲོན། འབོར་ལྕགས་ཆུང་བཟོས་སོ། །དེའི་སྲས་བཞི་པའི་ཆེ་བ་དུ་དབེན་ཤ་བྱང་ཆུབ་རྒྱལ་བ་དཔལ་བཟང་པོའང་། ལྡོག་ཐུང་དུ་གྲགས་པ། ཐུགས་རྒོད་ཅིང་རྩལ་སྐྱེན་པས། དེའི་རིང་ལ་རྫོང་ཤང་དང་། ཕྱི་ནང་གི་སྡེ་འཁྲུག་མང་། དེ་འོག་མཁན་པོ་ཀུན་དགའ་བློ་གྲོས་པས། ཉུག་ཆོས་སྡེའི་མཁན་པོ་མཛད། དེ་འོག་ཏུ་དབེན་ཤ་ཀུན་དགའ་རྒྱལ་མཚན་པས། རྒྱལ་མཐོང་བཟུང་ཀུན་དང་མཐུན་པའི་ལུགས་ཤས་ཆེ་བར་བྱུང་། གཅུང་པོ་ཆུང་བ་དཔོན་པོ་ཀུན་དགའ་རྡོ་རྗེ་བས། དུ་དབན་ཤ་ཀུན་རྒྱལ་བས་གདུང་རྒྱུད་ལྕམ་མོ་བླངས་པ་ལ་སྲས་ཤིག་འཁྲུངས་པ། དུ་དབེན་ཤ་རིན་ཆེན་རྒྱལ་པོ་སྐུ་བརྟན་པར་བཞུགས་པའོ། ཁྲི་དཔོན་དཀོན་མཆོག་འོད་ཟེར་བས་བྱང་རུ་ཐོག་གི་ཁྲི་དཔོན་མཛད་ཅིང་། དཔོན་པོ་དཀོན་མཆོག་རིན་ཆེན་དང་། རྒོད་པོ་རིན་ཆེན་པས། ཉུག་རྒྱལ་ཁང་མགོ་བྱས། བྲེས་སྣ་ལ་སོགས་འཛིན། མཁན་པོ་བསོད་ནམས་བློ་གྲོས་པས་ཞང་པོའི་གདན་ས་སྲེག་ཤིང་གི་མཁན་པོ་མཛད་པའི་དུས་སུ། མཐོང་སྨོན་ན་ཡང། དཔོན་ཆེན་གྲགས་རྒྱལ་བ་ཡོད་པས། དཔོན་སྐྱ་གཡོག་རིགས་ཀྱི་དབང་དུ་སོང་ནས་ཤངས་པ་ནང་མ་བདེ། དཔོན་པོ་སྐུ་མཆེད་ཆེ་བ་གཉིས་སྐུ་གཤེགས་རྟིང་དཔོན་པོ་རྒོད་པོ་རིན་ཆེན་པས། སྟག་ཚང་རྫོང་ཁར་བླ་ཆེན་བསོད་བློ་སྐུ་མཆེད་པའི་ཞབས་ལ་གཏུགས། རྒྱབ་བཅོལ་ནས་རྫོང་བླང་སྡེ་གཟར་རྒྱུན་རིང་། དགུང་ལོ་བཅོ་བརྒྱད་པ་ལ་བླ་ཆེན་གྱི་ཕྱག་ཕྱིར་མཁན་ཆེན་གཡས་རུ་པས་བྱས་ནས། གོང་ལ་བྱོན་བླ་མའི་བཀའ་དྲིན་ལ། ཐོ་