R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 223
[A:223]པའི་དུས་ཀྱི་སྲས་པོ་གཅིག་བྱུང་བ། དྲུང་ཆེན་གླང་པོ་རིན་ཆེན་དེ་ཉིད། ཡབ་གྲོངས་པའི་རྗེས་ལ་སྟག་ཚང་རྫོང་ཁར་འཁྲུངས། དཔོན་པོ་དང་བླ་བྲང་དང་། མཚོ་སྐྱོང་འགོ་འདོན་ཡང་དག་མཛད། ཆེར་སྐྱེས་ནས་དབང་གྲགས་པ་རྒྱལ་མཚན་པས་ཞལ་མཐོང་། དབང་རྣམ་སྲས་པའི་ཞབས་ལ་གཏུགས། གཟིམ་དཔོན་མཛད། ཁུ་དབོན་ཕྱོགས་གཅིག་ཏུ་དྲིལ་ནས་དགྲ་འདུལ་གཉེན་སྐྱོང་། དཔོན་པོའི་ཞབས་ཏོག བུདྡྷའི་སོག་རུམ་སྐྱོང་ཐར། འཇིག་རྟེན་གྱི་བྱ་བ་ལ་ཤིན་ཏུ་མཁས་ཤིང་། ཐུགས་རྩོལ་ཆེ་བར་གྲགས་པས་ཕྱོགས་ཀུན་ཏུ་ཁྱབ་བོ། ཁྱད་པར་དབུས་པ་བདག་པོ་གྲགས་པ་རྒྱལ་མཚན་པས་ཕག་མོ་གྲུ་བའི་སྲིད་ལ་གཏོགས་པའི་དབུས་གཙང་གི་དམག་དཔུང་སྟོབས་ཆེ་བ་བསྡུས་ནས། མེ་ཕོ་ཁྱི་ལོའི་སྟོན་སྟག་སྣ་རྫོང་ལ་བསྐོར་རྒྱག་ཡུན་རིང་བྱས། ནང་ཡན་འཚག་སྐྱེལ་བྲེད་སྡིག་ཇི་སྙེད་ཅིག་བྱུང་ནའང་། ཡབ་སྲས་དཔོན་གཡོག་རྣམས་ཀྱི་ལེགས་པར་སྲ་བཅས། ཕུར་བཙུགས། འཐབ་རོལ་སྤྲད་པས་དབུས་གཙང་དུ་མཁྲེགས་པའི་ཚད་ཐུབ་པ་བྱུང་ཞིང་། སྟག་ཤར་གཙང་སྲིད་དུ་གྲགས་པའི་འགོ་དེ་ནས་ཚུགས་པ་ཡིན། ས་སྐྱ་པའི་སྲིད་ཇུས་ཡར་འཕེལ་དུ་སོང་བ་བློན་ཆེན་དེ་ཉིད་ཀྱི་ཐུགས་ཞེན་དང་། འཕྲིན་ལས་ལ་བརྟེན་པའོ། །དེའི་སྲས་ལྔའི་ཆེ་བ། དྲུང་ཆེན་ནམ་མཁའ་རིན་ཆེན་པ་ནི། སྐུ་གཞོན་ནུ་ནས་ཀློག་ཡིག་ལ་སོགས་བསླབ་ཤེས་ཀྱི་ཡོན་ཏན་མཐའ་དགསྔོན་དུ་ཕྱོགས་ནས། མི་དབང་རྣམ་སྲས་རྒྱལ་མཚན་པ་དང་། མེས་པོ་ཧོ་ཤྲི་ཆེན་པོའི་ཞབས་ལ་གཏུགས། གསོལ་ཇ་བཟུང་། ཕོ་རྩལ་སྣ་དགུ་སྐུར་སྐྱོང་འགྲོགས་ལམ་སྡེ་སྲིད་འཛིན་པའི་བྱ་བ་ལ་ཡོན་ཏན་སྒོར་མོར་འཛོམས་པས་ཀུན་གྱི་མ་སངས་ཀྱི་སྤྲུལ་པར་འཛིན་ཅིང་། ཁྱད་པར་ཁྱི་ལོ་དམག་ཆེན་གྱི་ལོ་རྫོང་གི་དུས་རྩེ་