R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 232
[A:232]པོ་པ་འདི་བས། མི་དབང་ནམ་མཁའ་ལེགས་པའི་གསོལ་དཔོན་བཟུང་། སྐུར་སྐྱོང་འབྲོག་ལམ། སྡེ་སྲིད་ཆེན་པོ་དང་། ཡར་འཕེལ་ལ་བྱུང་བའི་མཛད་འཕྲིན་ལ་གཡེལ་མི་མངའ་ཞིང་། སྐུ་བརྟན་པར་བཞུགས་པ་ལགས་སོ། །སྔོན་ཆད་སྐུ་བསོད་རྣམ་དཀར་འཕྲིན་ལས་ཀུན། །རྒྱུ་རྐྱེན་འཛོམས་པས་ཡར་འཕེལ་འབྱུང་བ་བཞིན། །ཕྱི་རབས་རྒྱུད་འཛིན་སྐུ་ཚེ་བརྟན་པ་དང་། །དཔལ་འབྱོར་མངའ་ཐང་ཆེ་ཆེར་དར་རྒྱས་ཤོག། །།