R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 236
[A:236]པས་མཁན་པོ་གྱིས། ཚོང་དགེ་བློ་རྣོ་བས་སྟོན་པ་གྱིས། འབྲིང་ཁ་བཀོད་མཁས་པས་གནས་གཞི་ཟུང་གསུངས་ནས་བྱིན་པོ་ཡར་ཡོང་། ཀླུ་མེས་ཀྱིས་གནུབས་ཡེ་ཤེས་རྒྱལ་མཚན་ལ་འདུལ་བ་ཉན་ཅིང་བསྡད་དོ། །དེ་ནས་ཡར་ཡོང་བ་རྣམས་ཀྱིས། ལྡན་ཀློང་ཐང་དུ་སླེབས་དུས། ལོ་སྟོན་ན་རེ། ཁྱེད་ཚོ་འདི་ཁར་སྡོད་ཅིག ངས་དབུས་གཙང་དུ་ཕྱིན་ལ་བསྟན་པ་དར་ནུས་མི་ནུས་བརྟག་སྟེ། ནུས་ན་བསྡད་ཀྱི་མི་ནུས་ན་ང་ཡང་ལོག་ཡོང་གིས་གསུངས་ནས། ལྡན་མའི་ཚོང་པ་དང་འགྲོགས་ཏེ་ཡར་བྱོན། དེའི་ཕྱི་ལོ་ཀླུ་མེས་ཀྱིས་ཀྱང་། སློབ་དཔོན་ལ་ཞུས་ནས་ཡར་བྱོན་པ་དང་། ལོ་སྟོན་གྱི་ཁོང་རྣམས་ལ་བསུ་བ་ལ་བྱོན་པས། ཐམས་ཅད་དབུས་སུ་འཛོམས་ནས། ཡར་བྱོན་པ་དང་། བསམ་ཡས་སུ་མངའ་བདག་ཚ་ལ་ན་ཡབ་སྲས་དང་མཇལ་ལོ། །སྡིག་རྒྱལ་གླང་དར་མས་ཆུ་མོ་ཕག་ནས་བསྟན་པ་བསྣུབས། ཁོང་རང་གི་ལོ་མང་མ་ཐུབ་ཀྱང་། དེའི་སྨོན་ལམ་ལོག་པ་དང་། ལས་ངན་ཤུགས་ཆེས་པས། ལོ་དྲུག་ཅུ་རྩ་བརྒྱད་ཀྱི་བར་ལ། བསྟན་པའི་མིང་མེད་པའི་དུས་སུ། དབུས་གཙང་གཉིས་གྱི་མི་བཅུ་པོ་བསམ་ཡས་སུ་སླེབས། རྒྱལ་པོས་བཀུར་སྟི་དང་བྱ་དགའ་ཆེན་པོ་མཛད། བསྟན་པའི་མེ་རོ་སྨད་ནས་བསླངས་ཏེ། ཉིན་མོ་ལྟར་གསལ་ཞིང་། དར་རྒྱས་ཆེ་བར་མཛད་དོ། །དེ་ནས་རྒྱལ་པོས་བཀའ་གནང་། ཁོང་རྣམས་གྲོས་མཐུན་པར་དབུས་གཙང་གི་ས་ཆར། རྟེན་ལྷ་ཁང་བཞེངས་པ་དང་། དགེ་འདུན་གྱི་སྡེ་འཛུགས་པར་ཆད་བསྡམས་ཏེ། ཀླུ་མེས་ཀྱིས། སྔར་སོར་ལ་མོ་ཕྱག་དེའུ་བརྩིགས། གཞུ་ཀུན་དགའ་ར་བ་དང་། ཚ་མིག་བརྩིགས། འབྲིང་ངན་ལམ་སྤྱིལ་མོ་དང་། སྙེ་ཐང་བྲག་སྣ་བྲང་ར་མོ་ཆེ་བརྩིགས། སྔས་ཀྱིས་གཞུང་ཉ་མོ་གྱུར་དང་། ལན་པ་སྤྱིལ་བུ་བརྩིགས། རཀྴིའི་