R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 249
[A:249]བོད་དུ་བླ་ཆེན་མཁན་རྒྱུད་དང་། སྤུ་ཚོ་མཁན་རྒྱུད། པཎ་ཆེན་མཁན་རྒྱུད་རྣམས་ཀྱི་བྱོན་ཚུལ་བཞུགས་སོ། །ན་མོ་བུདྡྷ་ཡ། ཐུབ་བསྟན་གངས་རིའི་ཁྲོད་དུ་གསལ་མཛད་པའི། །སྨད་འདུལ་བྱུང་ཁུང་མཁན་རྒྱུད་རིམ་པ་ནི། །ཀུན་མཁྱེན་རྒྱལ་པོ་ཐུགས་སྲས་ཤ་རིའི་བུ། །སྲས་མཆོག་སྒྲ་གཅན་བྲམ་ཟེ་སྒྲ་གཅན་འཛིན། །ཀླུ་སྒྲུབ་སྐྱེས་མཆོག་ལེགས་ལྡན་དཔལ་སྦས་དང་། །ཡེ་ཤེས་སྙིང་པོ་ཞི་བ་འཚོ་ལ་འདུད། །སྦས་སྟོན་རཏྣ་གཙང་སྟོན་རབ་གསལ་དང་། །བླ་ཆེན་དགོངས་གསལ་ཤེས་རབ་སེང་གེ་དང་། །བྱང་ཆུབ་གཞོན་ནུ་བྱང་ཆུབ་རྒྱལ་མཚན་ཏེ། འཇད་པ་སྟོན་སྐྱབས་བྱང་སྟོན་གཞོན་ནུ་ཞབས། །རྩིས་འདུལ་ཆེན་པོ་མཁན་པོ་བདེ་བ་དཔལ། །བྱང་སེམས་རིན་མགོན་ཐོགས་མེད་བཟང་པོ་དཔལ། །ཡོན་ཏན་འོད་སོགས་བླ་ཆེན་མཁན་རྒྱུད་ཀྱི། །སྡོམ་བརྩོན་དམ་པ་རྣམས་ལ་གུས་པས་འདུད། །བླ་ཆེན་མཁན་རྒྱུད་ནི། རྒྱལ་སྲས་ཐོགས་མེད་པ་ནས་རྒྱུད་པ་འདི་དག་པར་བྱེད་པར་ཡོད་དོ། ། ན་མོ་དྷརྨ་ཡ། ཐུབ་བསྟན་གསལ་ཞིང་སྟོད་འདུལ་རྒྱས་མཛད་པའི། །སྤུ་ཚོ་མཁན་རྒྱུད་བྱོན་པའི་རིམ་པ་ནི། ཐུབ་དབང་ཤ་རའི་བུ་དང་སྒྲ་གཅན་འཛིན། །ལེགས་འདོམ་ནག་པོ་པ་དང་དྷ་རི་ཀ། གྲགས་མཆོག་ལེགས་སྐྱོང་རྒྱལ་བ་ཤེས་རབ་སྟེ། །མུ་གྲོ་འདུལ་འཛིན་ཆེན་པོའི་ཞབས་ལ་འདུད། །བྱང་སེམས་ཟླ་རྒྱལ་