R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 250
[A:250]དྷརྨ་རྒྱལ་མཚན་དང་། །མངའ་རིས་དགྲ་བཅོམ་མཁན་ཆེན་དབང་ཕྱུག་མཛེས། །མཛེས་པ་འོད་ཟེར་མཛེས་པ་བཟང་པོ་དང་། །སེང་དཔལ་ཀུན་མཁྱེན་མཛེས་པའི་ཞབས་ལ་འདུད། །ནམ་མཁའ་དཔལ་བཟང་ཚུལ་ཁྲིམས་རྒྱལ་མཚན་དང་། །ཤཱཀྱ་རྒྱལ་མཚན་སྤུ་ཚོ་མཁན་རྒྱུད་ཀྱི། །བསླབ་གསུམ་རྒྱན་ལྡན་རྣམས་ལ་གུས་པས་འདུད། །སྤུ་ཚོ་མཁན་རྒྱུད་སྟོད་འདུལ་གྱི་བྱུང་ཁུངས་འདི། གཙང་གཡས་རུ་འུ་ཡུག་ཟམ་ཚེ་བ་ལ་རྒྱུད་པ་འདི་དག་པར་བྱེད་དོ།། །།