R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 251
[A:251]ཚོགས་པ་སྡེ་བཞིར་གྱེས་ཚུལ་བཞུགས་སོ། །ན་མོ་སངྒ་ཡ། ཐུབ་བསྟན་རྩོད་ལྡན་དུས་འདིར་གསལ་མཛད་པའི། །པཎ་ཆེན་མཁན་རྒྱུད་ཚོགས་པ་སྡེ་བཞིའི་ཁུངས། །སྟོན་པ་སངས་རྒྱས་དངོས་སློབ་ཤཱ་རིའི་བུ། །སྒྲ་གཅན་འཛིན་གཉིས་ཀླུ་སྒྲུབ་གྷུ་མ་ཏི། །རཏྣ་མི་ཏྲ་དྷརྨ་ཕ་ལ་དང་། །གྷུ་ན་པ་ཏི་ཆོས་འཕྲེང་འབྱུང་གནས་སྦས། །དེས་སློབ་པཎ་ཆེན་ཤཱཀྱ་ཤྲི་ཞེས་པ། །སྟོན་པ་སྐུ་འདས་སུམ་སྟོང་ཉི་བརྒྱ་དང་། །ལྔ་བཅུ་རྩ་བརྒྱད་ཆུ་ཕོ་སྟག་ལ་བལྟམས། །བརྒྱད་ཅུ་ལྔ་བཞེས་མེ་སྟག་དབུས་སུ་ཕེབས། །ལོ་གྲངས་བཅུ་གཉིས་བོད་དུ་འགྲོ་དོན་མཛད། །དགུ་བཅུ་བདུན་ལ་རྒྱ་གར་ཡུལ་ལ་བྱོན། །གོ་དགུ་ལྕགས་ཕོ་འབྲུག་ལ་མྱ་ངན་འདས། །པཎ་ཆེན་ཐེགས་ནས་ལོ་དགུར་ཙམ་སོང་བས། །གདན་གཅིག་སྲོལ་བསྐྱངས་དེ་རྟིང་རྡོ་རྗེ་དཔལ། །སངས་རྒྱས་དཔལ་ནས་གཞུང་པ་དཔོན་རྒྱལ་གྱེས། །བྱེ་རྫིང་པར་གྲགས་དེ་ནས་ཐུགས་རྗེ་དཔལ། །དར་མ་དཔལ་བཟང་གཞོན་ནུ་བཟང་ཚུལ་དཔལ། །སངས་གཞོན་དར་བཟང་ཚུལ་ཁྲིམས་མགོན་པོ་པ། །བསོད་འོད་རིན་ཚུལ་བསོད་ཤེས་ཤེས་རབ་མགོན། །གྲགས་བསོད་ཤེར་འཕགས་ཤེར་ཚུལ་རིན་ཤེས་པ། །ཆོས་དཔལ་ཤེར་འོད་ཀུན་དགའ་ཤེས་རབ་ཡུན། །རྡོར་དཔལ་མན་ལ་མཁན་རབ་ཉེར་གཉིས་བྱོན། །པཎ་ཆེན་མེ་སྟག་ཕེབས་ནས་དིང་སང་གིས། །ཤིང་སྟག་བརྒྱད་དཀར་དབུས་གནས་ཡར་ཆོད་ལ། །ལོ་གྲངས་ཉིས་བརྒྱ་བཞི་བཅུ་རྩ་བདུན་སོང་། །ཚལ་མིག་པ་ལ་