R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 252
[A:252]མཁན་པོ་སངས་རྒྱས་དཔལ། །འོད་དཔལ་ཆོས་ཀྱི་རྒྱལ་མཚན་སངས་རིན་པ། །འོད་དཔལ་ཤེར་མགོན་སེང་རྒྱལ་བསོད་དབང་དང་། །དྲན་ཚུལ་ཚུལ་རིན་དཔང་བློ་རྒྱལ་དབང་དང་། །སྲས་སེང་ཡོན་རིན་བྱང་ཆུབ་བཟང་པོ་ཡན། །བཅུ་ཕྲག་ཕྱེད་དང་གཉིས་པོ་དིང་སང་དུས། །ཚོགས་ཆེན་པར་གྲགས་ཐུབ་བསྟན་དྲི་མེད་ཀྱིས། །སྲོག་འཛིན་མཁན་རྒྱུད་རྣམས་ལ་ཕྱག་འཚལ་ལོ། །ཆོས་ལུང་ཐོག་མ་ལྷོ་བྲག་བྱང་ཆུབ་དཔལ། །བསོད་སྟོབས་སྡེ་དཔལ་གྲགས་གཞོན་བསོད་ནམས་གྲགས། །བསོད་བཟང་གཞོན་མགོན་མཁན་ཆེན་གྲགས་རྒྱལ་དང་། །གྲགས་ཚུལ་གྲགས་པ་བཤེས་གཉེན་རྣམ་རྒྱལ་བ། །འཇམ་དབྱངས་རིན་རྒྱལ་རྒྱལ་མཆོག་གྲགས་དབང་རྒྱལ། །ཟླ་བློ་རྒྱལ་བ་ཕྱག་ན་དིང་སང་ཡན། །བཅུ་ཕྲག་གཅིག་དང་དྲུག་ཅུ་བྱུང་བར་གྲགས། །སླབ་གསུམ་རྣམ་དག་ཤཱཀྱའི་བསྟན་པ་ཡི། །གསལ་བྱེད་མཁན་རྒྱུད་རྣམས་ལ་ཕྱག་འཚལ་ལོ། །དགེ་འདུན་སྒང་པ་བྱང་ཆུབ་དཔལ་ནས་གྱེས། །དབང་གྲགས་གཞོན་རྒྱལ་འདུལ་ཚ་དོན་གྲུབ་དཔལ། །ཡོན་ཏན་རྒྱ་མཚོ་དཔལ་གྲུབ་ཡོན་བློ་བ། བརྩོན་རྒྱལ་སེང་གེ་དཔལ་དང་ཆོས་གྲུབ་ཡན། །བཅུ་དང་གཅིག་གིས་འགྲོ་ཀུན་སྨིན་གྲོལ་ལ། །འགོད་མཛད་མཁན་རྒྱུད་རྣམས་ལ་ཕྱག་འཚལ་ལོ། །སྙིགས་མའི་དུས་འདིར་འགྲོ་མང་པདྨོའི་གཉེན། །བོད་ཡུལ་མུན་པ་སེལ་བར་མཛད་པ་ཡིས། །པཎ་ཆེན་མཁན་རྒྱུད་རིམ་པའི་འོད་ཟེར་གྱིས། །སངས་རྒྱས་བསྟན་པ་དར་མཛད་འཕྲིན་ལས་པ། ཁ་ཆེ་པཎ་ཆེན་སློབ་རྒྱུད་འདི་བྲིས་པས། ཁ་བ་ཅན་འདིར་ཐུབ་བསྟན་སེང་གེའི་སྒྲས། ཁ་ན་མ་ཐོ་ཆོས་ཀུན་ཟིལ་མནན་ནས། ཁ་ཊྭཾ་གྱིས་མཚོན་སྐུ་གསུམ་མྱུར་ཐོབ་ཤོག།།། དགེ་ལེགས་འཕེལ།། །།