[A:264]ཕག་མོ་གྲུ་པའི་ཆོས་རྒྱུད་དང་། བླ་རབས་བྱོན་ཚུལ་བཞུགས་སོ། ། ན་མོ་གུ་རུ་དཔལ་ཕག་མོ་གྲུ་པའི་ཆོས་རྒྱུད། བླ་རབས་བྱོན་ཚུལ་ནི། བདེ་གཤེགས་རིན་པོ་ཆེ། ཁམས་པ་རྡོར་རྒྱལ་མྱ་ངན་ལས་འདས་རྟིང་། ཐུགས་སྲས་ཀྱི་ཐུ་བོ་ནི། བསོད་ནམས་མཐར་ཕྱིན། འབྲི་ཁུང་སྐྱུ་ར་ཆོས་རྗེ། ཕག་གྲུ་དང་། འབྲི་ཁུང་གཉིས་ཀའི་གདན་ས་ལོ་མང་བསྐྱངས། སྐུ་བགྲེས་ཁར་འབྲི་ཕག་གདན་ས་གཉིས་སུ་འབྱོན་བཞུད་དཀའ་བར་བྱུང་། ཤས་ཆེར་འབྲི་ཁུང་དུ་བཞུགས་དུས། པག་གྲུ་མཐར་བརྩིགས་གྲྭ་སློབ་རྣམས་གྲོས་བསྡུར། རྗེ་རིན་པོ་ཆེ་སྐུ་གནས་བགྲེས། གདན་ས་ཁག་གཉིས་སྐྱོང་དགོས་པ། ད་རང་རེ་རྣམས་ཀྱི་མགོ་སྡུད། གདན་ས་ཞིག་བསྐོ་བར་ཞུ་ཞུས་པ། དྲག་ཟེར་བ་ལ་ཁ་འཆམ། རི་པ་ཆེ་བགྲེས་འགའ་འབྲི་ཁུང་དུ་བཏང་། རྗེ་དང་མཇལ་ནས་རྒྱུ་མཚན་ཞུས་པས། དེ་བཞིན་ཅིས་ཀྱང་འཐད་པས་དེའི་འོས་སུ་འདུག ཁྱེད་རང་རྣམས་ཀྱི་ལྟོས་གསུངས་ཁོང་རྣམས་ན་རེ། རྗེ་རིན་པོ་ཆེ་རང་གི་སྤྱན་མངའ་ན་བཞུགས་པའི། གསོལ་ཇ་བ་འདི་འདྲ་བ་ཞིག་བསྐོ་བར་ཞུ་ཞུས་པས། འོ་དེ་ཡིན་དེ་བཞིན་ལེགས་སོ་གསུངས། ངས་ཀྱང་བྱིན་གྱིས་བརླབས། གདན་དྲོངས་ལ་སོང་ཞིག ཁོང་གདན་སར་བསྐོས་རྗེས་སྤྱན་ལམ་ནས་བྱོན་པས། དེ་ཕྱིན་སྤྱན་མངའ་བར་གྲགས་པ་འདི་བྱུང་བ་ཡིན། དེའི་གདུང་རུས་རླངས་ལྷ་གཟིགས་ཡིན། མཚན་ལྷ་རྒྱལ་བ་བྱང་ཆུབ་ཀྱང་