[A:273]གི་དབོན་པོ། ལྷ་རིན་ཆེན་རྒྱལ་དེ་ཉིད། ལྷ་སྲས་མུ་ནེ་བཙན་པོའི་སྐུ་སྐྱེ་ཡིན་སྐད།སྐྱོར་མོ་ལུང་དུ་རབ་བྱུང་མཛད། ཕ་རྒྱུད་སྐོར་གསུམ་ལ་མཁས། བཅལ་ཁ་ས་གཡོས་ཀྱི་སྒྱེལ་བའི་ཚབ། ཕག་རི་རིན་ཆེན་སྒང་བརྩིགས། ལྷ་ནང་དུ་གདན་སར་བཞུགས་པས། རྒྱལ་ཁྲིམས་ཆེ་བའི་དམག་སྣའི་གནོད་པ་བྱུང་བས། སྐྱིད་སྨད་དུ་བྱོན་ནས། རབ་གོང་བརྩིགས་ལྷ་ནང་དུ། ཁུའུའི་བླ་མ་གྲུབ་ཐོབ་འདམ་སེང་གདན་ས་ལ་བརྫངས། འདམ་པ་རིགས་པས་ཉེ་གནས་བྱས། གྱེ་རེ་དགོན་པ་བཏབ་ཅིང་། གྱེ་རེ་ལྷ་ཁང་གི་གཙུག་ལག་ཁང་བརྩིགས། དེའི་དབོན་རྒྱུད། བླ་མ་དར་མ་རྒྱལ་པོ་དང་། དེའི་དབོན་པོ་ལྷ་གཟི་བརྗིད་རྒྱལ་པོ། ཆོས་ཀྱི་རྒྱུད་པ་ནི། ལྷ་རིན་ཆེན་རྒྱལ་པོ་ཁུ་དབོན་ལ། མཁས་པ་དགེ་བྲག་པ་ཚུལ་གཞོན་གྱི་ཐུག དེའི་སློབ་མ་མཁས་པ་བྱང་དར། དེའི་སློབ་མ་འཇམ་དབྱངས་གཟི་རྗིད་རྒྱལ་པོ་ལ་སོགས། ལྷ་རབས་བྲིས་པས་ལྷ་མི་ཀུན། །ཀུན་མཁྱེན་རྒྱལ་པོ་མྱུར་ཐོབ་ཤོག །དགེ་ལེགས་འཕེལ་བར་གྱུར་ཅིག། །།