[A:276]རྨོག་ཅོག་པ་རིན་ཆེན་བརྩོན་འགྲུས། རྣམས་ཀྱིས་ཐོག་དྲངས་པའི། གྲྭ་སློབ་དབུ་ཆེ་བ་རྣམས་ལ་ཆོས་ཀྱི་ཕྱི་མ་གསུངས། ཆོས་རྒྱུད་དར་ཞིང་རྒྱས་པར་ཡོང་ཅིང་། ངའི་ཕུང་པོ་འདི་རིལ་བུར་གཞུག་སུ་བཅུག་ནས། གསོལ་བ་བཏབ་ན། གནས་ཞོང་ཞོང་འདི་རྡོ་རྗེ་གདན་དང་མཉམ་པ་ཞིག་ཡོང་ངོ་། །གསུངས་པ་ལ་སོགས་ཀྱི་ལུང་བསྟན་མང་པོ་མཛད་ནས། བདེ་བ་ཅན་དུ་གཤེགས་སོ། །དེའི་ཐུགས་ཀྱི་སྲས་མཆོག རྨོག་ཅོག་པ་རིན་ཆེན་བརྩོན་འགྲུས་ནི། འཁྲུངས་ཡུལ་ལྷ་ཕུག་སྤངས་རྩ་བ། རུས་ཤེ ཡབ་ཤོར་རྒན་སྨན་ཆུང་དང་། ཡུམ་འབེ་མོ་པདྨ་སྒྲོན་གྱི་སྲས་སུ་འཁྲུངས་ཏེ། དགུང་ལོ་བཅུ་བདུན་པ་ལ། མཁས་གྲུབ་ཁྱུང་པོའི་དྲུང་དུ་རབ་ཏུ་བྱུང་། བླ་མའི་ཞལ་ནས་སློབ་གཉེར་ཅིག་སྔོན་ལ་གྱིས་གསུངས་ནས། བློ་མོས་དང་། དམིགས་རྐྱེན་སྒྲུབ་པ་ལ་ཆེ་བར་བྱུང་ནས། སློབ་དཔོན་ལ་ཆིང་བ་དང་། གྲུབ་ཐོབ་། ཁམས་པ་ཨ་སེང་། བུར་སྒོམ་ནག་པོ། དགེ་བཤེས་དཀོན་མཆོག་མཁར་པ་ལ་སོགས། མཁས་གྲུབ་མང་པོ་ལ། སྒོམ་འཁྲིད་ཞུས། སླར་ཞོང་ཞོང་བླ་མའི་དྲུང་དུ་བྱོན་ནས། ཉམས་རྟོགས་རེ་ཙམ་ཕུལ་བས། སྔོན་མ་བླ་མས་བཀྱོན་པར་བྱུང་ནའང་། རྟིང་དུ་ངའི་ཆིག་རྒྱུད་ཀྱི་གདམས་པ་ཟབ་མོ་འདི། ཁྱོད་ལ་བྱིན་གསུངས་པ་ཌཱ་ཀི་མའི་ལུང་བསྟན་ཡིན་གསུངས་ནས། བུམ་པ་གང་བྱོ་གནང་། ནེ་གུའི་ཐུགས་དམ་ཐང་སྐུ། དགྱེས་རྡོར་གྱི་ཐང་སྐུ། ཀ་པ་ལི་དང་། ཐོད་པ་མཚན་ལྡན། དབང་བུམ་དང་བཅས་པ་གནང་། རྒྱལ་ཚབ་ཏུ་དབང་བསྐུར། བླ་མའི་གསུང་བཞིན་བསྒོམས་པས། སྒྱུ་ལུས་རྨི་ལམ་འབྱོངས། སྤྲུལ་སྒྱུར་ལ་དབང་ཐོབ། ཆོས་སྐྱོང་བྲན་བཞིན་ཉན། གནས་ཆེན་དང་ཡི་དམ་མང་པོའི་ཞལ་གཟིགས། རྗེ་དྭགས་པོ་ལྷ་རྗེ་སོགས་དང་མཇལ། བྱིན་རླབས་ཞུས། རྨོག་ཅོག་གི་