[A:290]ཡིག་ཚང་མཁས་པ་དགའ་བྱེད་ཀྱི་མཛད་བྱང་དང་། སྨོན་ལམ་བཞུགས་སོ། ཨོཾ་སྭ་སྟི། རྒྱལ་བའི་བཀའ་དང་བསྟན་འཛིན་སྐྱེས་བུ་ཡིས། །དགོངས་བཞེད་དང་མཐུན་འཛམ་གླིང་ཤས་ཆེ་བའི། །ལོ་པཎ་མཁས་གྲུབ་ཆོས་རྒྱལ་རིམ་པ་དང་། །སྟོབས་ལྡན་རྣམས་ཀྱི་ཐུབ་བསྟན་རྒྱས་པའི་ཐབས། །སྣ་ཚོགས་སྤེལ་མཛད་རྣམ་ཐར་བསྒྲིགས་པ་ཡིས། །ལེགས་བཤད་མཁས་པ་དགའ་བྱེད་ཡིག་ཚང་འདི། །ཡིག་མཁན་ཤཱཀྱའི་དགེ་སྟེན་ཤྲི་བྷུ་ཏི། །བྷ་དྲའི་མིང་ཅན་གཡས་རུ་སྟག་ཚང་པའི། །ཤིང་ཕོ་སྟག་ལ་སྟག་སྣ་དོན་རྩེར་བཀོད། །འདི་ཡི་དགེ་བ་རབ་དཀར་དྲི་མེད་དེས། །རྒྱལ་བའི་བསྟན་པ་ཡུན་རིང་གནས་པ་དང་། །འགྲོ་ཀུན་བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །སྔོན་ཆད་བོད་འདིར་མཁས་མང་གིས་བསྡེབས་པའི། །ཡིག་ཚང་ཡིག་ཚོགས་རྒྱས་པ་མང་མོད་ཀྱི། །དེ་དག་ཀུན་ཀྱང་རིན་ཆེན་གསེར་དང་མཚུངས། །ཚིག་གི་ནོར་བུ་རྡོག་བསྡུས་ཡི་གེའི་འབྲུ། །དག་གསལ་སྲད་བུར་བརྒྱུས་པའི་ཡིག་ཚང་མཆོག །མདོར་བསྡུས་དོན་གསལ་འཛམ་བུ་ཆུ་བོའི་གསེར། ཇི་བཞིན་མཁས་པའི་ཁྱད་ནོར་འདི་འདྲ་དཀོན། །སྐལ་ལྡན་དགའ་སྤྲོ་སྤེལ་བའི་རྒྱུར་གྱུར་ཅིག །འདི་དོན་མཐོང་ཐོས་དྲན་པའི་སྐྱེས་བུ་ཀུན། །ཆོས་རྒྱལ་ཡོན་མཆོད་རྣམས་ལ་སེམས་དད་ཅིང་། །སངས་རྒྱས་བསྟན་ལ་