R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 29
[A:29]གཉེན་གྱི་བུ་སྟེ་རྟོག་གེ་པ་དྲུག་པོ་
བྲམ་ཟེ་རྒྱུས་རྒྱལ་དང་བྲམ་ཟེ་རྣམ་རྡེག་དང་། བྲམ་ཟེ་བཟང་ལྡན་དང་། བྲམ་ཟེ་ཚངས་པའི་ཆེད། བྲམ་ཟེ་པདྨའི་སྙིང་པོ་དང། བྲམ་ཟེ་དམར་པོ་
སྟེ་
རྗེས་སུ་སྙེག་པ་དྲུག་དང་། རེངས་བྱེད་ཀྱི་བུ་ལྷག་གཅོད་དང་། སྒྱུ་རྩལ་ཅན་གྱི་བུ་རིངས་འཕུར་དང་། ཀུན་ཏུ་རྒྱུ་རབ་བཟང་དང་། བྲམ་ཟེ་བུ་ཀུན་རྒྱལ་དང་། དྲང་སྲོང་ཉོན་མོངས་མེད་དང་། སྟེང་རྒྱས་འོད་སྲུང་རལ་པ་ཅན་ཏེ། སྙོམ་པར་འཇུག་པ་དྲུག་སྟེ། སྟོན་པ་དྲུག་གསུམ་བཅོ་བརྒྱད་ཀྱི་མ་རུང་བར་བགྱིས་པས། གཤེགས་པའི་སྐབས་མ་ལེགས་ཞེས་གསོལ་བས། ཉི་མའི་འོད་དང་འོད་གཞན་ལྟར། དེ་དག་ཆོས་དང་མ་འདྲེས་ཤིང་། དེ་དག་ང་ཉིད་ཀྱིས་ཟིལ་གྱི་མནན་ནུས་སོ་ཞེས་གསུང་།
འཁོར་དང་བཅས་པ་རྣམས། རྟའི་ཟླ་བའི་ཚེས་གཅིག་ནས། བཅོ་ལྔའི་བར་ཉིན་རེ་བཞིན་ཆོ་འཕྲུལ་བསྟན་ནས། བདུད་དང་མུ་སྟེགས་ཐམས་ཅད་ཚར་བཅད་ནས་ནང་པའི་སྒོར་བཅུག་པ་ནི། བསྟན་པ་རྒྱས་པར་མཛད་པ་སྟེ་བཅུ་པའོ། །སྟོན་པ་སངས་རྒྱས་ཉིད་ནི་བསྐལ་པའི་བར་དུ་བཞུགས་ནའང་དབང་ཐོབ་ཏེ། བདུད་ཀྱི་གསོལ་བ་བཏབ་པའི་ངོར། མྱ་ངན་ལས་འདའ་བར་ཞལ་གྱི་བཞེས་ཚར་བ་ད་ང་། རྟག་འཛིན་ཅན་རྣམས་མི་རྟག་པ་ལ་བསྐུལ་བའི་ཆེད་དུ། མྱ་ངན་ལས་འདའ་བར་བཞེད་དེ། གྲོང་ཁྱེར་རྩྭ་མཆོག་ཏུ་ཆོས་ཀྱི་ཐ་མ་གསུངས་པའི་དུས་ན།འཁོར་གྱི་ནང་ནས་རིག་འཛིན་གྱི་རྒྱལ་པོ་ཀུན་ཛ་ར་བྱ་བ་སྟན་ལས་ལངས། པུས་མོ་བཙུགས་ནས་བཅོམ་ལྡན་འདས་ཁྱེད་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བསྟན་ཚར་རོ་གསུངས་མོད་ཀྱང་། བསྟན་པའི་སྙིང་པོ་ཟབ་མོའི་ལམ་གསང་སྔགས་བླ་ན་མེད་པའི་ཐེག་པ་དག འཛམ་གླིང་འདིར་མ་གསུངས་སོ་ཞེས་ཞུས་པའི་ལན་དུ། ང་ནི་འདི་ནས་མ་སྣང་ནས། །ལོ་ནི་བརྒྱ་དང་བཅུ་གཉིས་ནས། །ལྷ་གནས་གསུམ་དུ་གྲགས་པའི་སར། །བསྟན་པའི་སྙིང་པོ་དམ་པ་ཞིག།འཛམ་གླིང་