[A:30]ཤར་ལྷོའི་ཕྱོགས་མཚམས་སུ། །མི་ལྷ་སྐལ་ལྡན་གྲགས་མ་བྱེད། །རྒྱལ་པོ་ཛ་ཞེས་བྱ་བ་ལ། །སྔོན་དུ་ལྟས་རྣམས་སྣང་གྱུར་ཏེ། །དྲག་ཤུལ་ཅན་ཞེས་བྱ་བའི་རྩེ། །གྲོགས་ཀྱི་སེམས་ལ་དག་པའི་ལུས། །ལང་ཀའི་བདག་པོ་ལ་སོགས་ལ། །ཕྱག་ན་རྡོ་རྗེས་སྟོན་པར་འགྱུར། །ཞེས་ལུང་བསྟན་ཏོ། །དེར་འཁོར་ཐམས་ཅད་མྱ་ངན་དང་སྨྲེ་སྔགས་འདོན་པ་ལ། འདི་སྐད་ཅེས་བཀའ་བསྩལ་ཏོ། །ང་ནི་ངེས་པར་མྱ་ངན་ལས་འདའ་བས། ལུས་གསེར་མདོག་འདི་ལ་ཡང་ཡང་ལྟོས། ཕྱིས་མྱ་ངན་མ་བྱེད་ཅིག འདུས་བྱས་ཐམས་ཅད་འདི་དང་འདྲའོ་གསུངས་ཤིང་། སངས་རྒྱས་མྱ་ངན་མི་འདའ་ཞིང་། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །སེམས་ཅན་རྣམས་ནི་འདུལ་བའི་ཕྱིར། །མྱ་ངན་འདའ་བའི་ཚུལ་བསྟན་ཙམ། །གསུངས་པ་ལ། དེ་ལྟར་ན་ཅིས་ཀྱང་བཞུགས་པར་གསོལ་བ་བཏབས་པས། ས་སྟེང་འཇིག་རྟེན་གང་ན་ཡང་། །སྐྱེས་ནས་འཆི་བར་མ་གྱུར་ཏམ། །གང་ཞིག་ཁྱོད་ཀྱི་མ་མཐོང་ངམ། །འོན་ཏེ་མཐོང་ནའང་ཐེ་ཚོམ་ཟ། །ང་ཡི་མྱ་ངན་ཁྱོད་བྱེད་ན། ཁྱོད་ཀྱི་མྱ་ངན་སུས་བྱེད་པ། དེ་ལ་འབྲས་བུ་གང་ཡང་མེད། །གསུངས་པ་དེ་ནི་ཆོས་ཀྱི་ཕྱི་མའོ། །དེར་དབུ་ནུབ་ཏུ་བསྟན། ཞལ་ལྷོར་གཟིགས། ཞབས་ཤར་ལ་བརྐྱང་། ཕྱག་གཡས་འོག་ཏུ་བཅུག ཕྱག་གཡོན་བརླའི་སྟེང་དུ་བསྐྱལ་ནས། དགུང་ལ་བརྒྱད་ཅུ་ཐམ་པ་བཞེས་པའི་ས་གའི་ཟླ་བའི་ཚེས་བརྒྱད་
ཇོ་བོ་རྗེ་ལུགས་
ཀྱི་ནམ་གུང་། ཟླ་བ་རི་མགོའི་རྩེར་ནུབ་པའི་དུས་སུ། གྱད་ཀྱི་ཡུལ་གྲོང་ཁྱེར་རྩ་མཆོག་དེར་ཆོས་ཀྱི་དབྱིངས་སུ་མྱ་ངན་འདས་པའི་ཚུལ་བསྟན་པའི་མཛད་པ་སྟེ་བཅུ་གཅིག་པའོ། །བཅུ་གཉིས་པ་ནི། དེར་ས་གཡོ་བ་དང་། སྒྲ་འབྱིན་པ་སོགས་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ། ལྷ་རྣམས་ཀྱི་བསུས་ནས་འོག་མིན་སྟུག་པོ་བཀོད་པའི་