[A:35]བརྟན་པའི་གཏད་རབས། བཅོམ་ལྡན་འདས་ཀྱི་ལུང་རིམ་པར་བསྟན་ཏེ། བསྟན་པ་གཏད་པ་ནི། སྟོན་པས་འོད་སྲུང་ཆེན་པོ་ལ་གཏད། དེ་ནས་རིམ་བཞིན་དུ། ཀུན་དགའ་བོ་དང་། ཤཱ་ནའི་གོས་ཅན། ཉེར་སྦས། དྷི་དྷི་ཀ བཙུན་པ་བུདྡྷ་ནནྟི་ལ། བུདྡྷ་མི་ཏྲ་ལ། དེས་སློབ་མ་དགེ་སློང་རྩིབ་ལ། དེས་སུ་ན་ཤ་ཏ་ལ། དེས་རྟ་སྐད་ལ། དེས་མ་ཤི་བ་ལ། དེས་ཀླུ་སྒྲུབ་ལ། སངས་རྒྱས་འདས་ནས་ལོ་བཞི་བརྒྱའི་དུས་སུ། བསྟན་པ་གཏད་ཅིང་། ཁོང་གི་ལྟ་བ་གཏན་ལ་འབེབས་པ་ནི། ཤིང་རྟ་ཆེན་པོའི་སྲོལ་ལམ་དང་པོ་གཏོད་དེ། དེ་ནས་ཡང་རིམ་པ་བཞིན་ཨརྱ་དེ་བ། ར་ཧུ་ལ། སདྡྷ་ནནྟི་ལ། དགེ་སློང་དགྲ་བཅོམ་ལ། གྷ་ལ་ཤ་ལ། ཀུ་མཱ་ར་ཛ་ལ། ཤ་ཡ་ཏ་ལ། བ་སུ་བནྡྷུ་ལ། མ་ནོ་ཏ་ལ། ཧ་ག་ནི་ཀ་ཡ་ན་ཤ་ལ། དེས་དགེ་སློང་སེང་གེ་ལ་བསྟན་པ་གཏད་ཅིང་། འདི་ཡན་ལ་ཐུབ་པ་ཆེན་པོས་རྒྱལ་ཚབ་དང་བཅས་པ། བསྟན་པའི་བདག་པོ་ཉི་ཤུ་རྩ་ལྔ། དེ་རྟིང་སངས་རྒྱས་འདས་ནས་ལོ་སྟོང་ལ་ཉེ་བ་ན་འཕགས་པ་ཐོགས་མེད་བྱོན་ཏེ། ཤིང་རྟའི་སྲོལ་ལམ་གཉིས་པ་གཏོད་ཅིང་། དེ་ནས་ཕྱོགས་ཀྱི་གླང་པོས་ཤིང་རྟའི་སྲོལ་ལམ་གསུམ་པ་གཏོད་པ་ལགས། དེ་ནས་རྒྱན་དྲུག་མཆོག་གཉིས། གྲུབ་ཆེན་བརྒྱད་ཅུ། ཀུ་སུ་ལུ་རྣམ་གཉིས། མཁས་གྲུབ་རིམ་པར་བྱོན་པ་རྣམས་ཀྱིས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་མཛད་པ་ལགས་སོ། །སངས་རྒྱས་ཤཱཀྱ་ཐུབ་པས་འགྲོ་བའི་དོན་མཛད་པའི་ཞིང་ཁམས་ཀྱི་