[A:38]བཀའ་བསྡུ་རིམ་པ་གསུམ་དུ་མཛད་ཚུལ། སངས་རྒྱས་མྱ་ངན་ལས་འདས་ནས། དགྲ་བཅོམ་པ་ཆོས་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱིས། བཀའ་བསྡུ་རིམ་པ་གསུམ་དུ་མཛད་པའི་ཚུལ་ནི། དེ་མཚམས་ཤཱ་རིའི་བུ་ལ་སོགས་པའི་དགྲ་བཅོམ་པ་ཤས་ཆེ་བ་ཡང་མྱ་ངན་ལས་འདས་
འདས་གང་པོ་ཨེ་ཡིན་
ཚུལ་བསྟན་འཁོར་ཐམས་ཅད་སྟོན་པ་གཤེགས་པའི་མྱ་ངན་གྱིས། ཆོས་ཁྲིམས་ལྷོད་པར་གྱུར་པ་ལ་ལྷ་རྣམས་འཕྱ་བར་བྱེད་པ། འཕགས་པ་འོད་སྲུང་གིས་གསན་ནས། བཀའ་བསྡུ་བར་དགོངས་ཏེ། དང་པོ་བསྐུལ་ནས་གཎྜི་བརྡུངས་པས། དགྲ་བཅོམ་པ་ལྔ་བརྒྱར་གཅིག་གིས་ཆད་པ་འདུས། དེར་ཀུན་དགའ་བོའི་རྒྱུད་ལ་དགྲ་བཅོམ་པ་མ་ཐོབ་པར་མཁྱེན་ནས། འོད་སྲུང་གི་རྩོད་པ་རྣམ་པ་བརྒྱད་ཀྱི་སྒོ་ནས་ཉེས་པའི་ཚུལ་ཤིང་གཏད་པ་ནི། ཀུན་དགའ་བོ་ཁྱོད་ཀྱིས་སྐྱེ་དགུའི་བདག་མོ་རབ་ཏུ་བྱུང་བའི་ཞུ་སྣ་བྱས་པ་དང་། སྟོན་པ་ལ་ཆུ་སྙོག་མ་ཅན་དྲངས་པ་དང་། ན་བཟའ་འཚེམ་དུས་པུས་མོའི་འོག་ཏུ་མནན་པ་དང་། མྱ་ངན་ལས་འདའ་གསུངས་དུས་བཞུགས་པར་མ་ཞུས་པ་དང་། དྲིས་ལན་ལོག་པར་བཏབ་པ་དང་། སོ་ཐར་སྡོམ་པའི་གནད་སྟོན་པར་བཞེད་པ་ལ། ཆེད་གཉེར་མ་ཞུས་པ་དང་། མྱ་ངན་ལས་འདའ་ཁར་སྐུ་གསེར་མདོག་གཞན་ལ་བསྟན་པ་དང་། སྐུའི་གསང་གནས་སྦུབས་སུ་ནུབ་པ་བུད་མེད་རྣམས་ལ་བསྟན་པ་དང་། བརྒྱད་པོ་དེས་ཉེས་པའི་ཚུལ་ཤིང་ལེན་དུ་