R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 47
[A:47]པའིི་ཆོས་ཀྱི་སྒོར་ཞུགས་ནས་ས་ལམ་རིམ་ཀྱི་བགྲོད། རྒྱུའི་སྡོམ་པ་གསུམ་གྱི་རྣམ་གྲངས་ནི། དང་པོ་སོ་སོར་ཐར་པའི་སྡོམ་པ། ཉན་ཐོས་ཀྱི་དགེ་སློང་གི་འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ལ། སྡོམ་ཚིག་ལྟུང་བ་སྡེ་ལྔ་བྱ་བ་གསུངས་སྟེ། སྡོམ་པ་གཅོད་པར་བྱེད་པ་ཕམ་པའི་སྡེ་བཞི། གསོལ་བ་དགེ་འདུན་ལ་རག་ལས་པས། དགེ་འདུན་ལྷག་མའི་སྡེ་བཅུ་གསུམ། མ་མཐོལ་མ་བཤགས་ངན་སོང་དུ་སྐྱུར་བ་སྤངས་ལྟུང་གི་སྡེ་སུམ་ཅུ། ལྟུང་བྱེད་འབའ་ཞིག་པ་དགུ་བཅུ། མཐོལ་ཞིང་བཤགས་པ་ལ་མིང་གི་བཏགས་པ་སོ་སོར་བཤགས་པ་བཞི། ཆོས་ཕུན་སུམ་ཚོགས་པ་ལ་བསླབ་ཅིང་གོམས་པར་བྱེད་པ་བསླབ་བྱ་ཉེས་བྱས་ཀྱི་སྡེ་ལ། བརྒྱ་དང་བཅུ་གཉིས། དྲིལ་བས་འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ཡིན། བྱང་ཆུབ་སེམས་དཔའི་བསླབ་པ་ལ། སྨོན་པ་སེམས་བསྐྱེད་དང་། འཇུག་པ་སེམས་བསྐྱེད་གཉིས། གསང་སྔགས་ཀྱི་དམ་ཚིག་ནི། གསང་སྔགས་ནང་པ། ཐེག་ཆེན་བླ་མེད་པ། ཨ་ཏི་ཡོ་ག་རྣམས་ལ་དམ་ཚིག ས་མ་ཡ་འབུམ་སྡེའི་རྒྱུད་ནས་བཤད་པ་ལྟར་ན། དམ་ཚིག་ཕྲ་རགས་བསྲུང་རྒྱུ་འབུམ་ཕྲག་གཅིག་གོ། ཉན་ཐོས་དགེ་འདུན་གྱི་ཚོགས་རྣམས་ལ་མིག་གི་འབྲས་བུ་ལྟར་བཅས་པའི་བསླབ་པ་གསུམ་ནི། ལྷག་པ་ཚུལ་ཁྲིམས་གྱིས་བསླབ་པ་དང་། ལྷག་པ་བྱང་སེམས་ལ་བསྟན་པའི་བསླབ་པ་དང་། ལྷག་པ་ཤེས་རབ་ཀྱི་བསླབ་པ་དང་གསུམ་མོ། །བསོད་ནམས་བྱ་བའི་དངོས་པོ་ལ་གསུམ་ཏེ། སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། སྒོམ་པ་