R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 46
[A:46]བསྟན་བཅོས་ཡིན་ནོ། །སྟོན་པ་རང་གི་དངོས་སུ་གསུངས་པ་དང་འཇམ་དཔལ་མཚན་བརྗོད་ལ་སོགས་པ་རྣམས་ནི། ཞལ་ནས་གསུང་པའི་བཀའོ། །གང་ཟག་གཞན་བསྐུལ་ནས་གསུངས་པ་རྣམས་ནི་བྱིན་གྱིས་བརླབས་པའི་བཀའོ། །མདོའི་གླེང་གཞི་དང་། ཆོས་ཀྱི་སྡོམ་དང་། བཀའ་བསྡུ་གྱིས་ཤིག་གསུངས་པ་རྣམས། རྗེས་སུ་གནང་བའི་བཀའོ། །ཤེར་སྙིང་ལ་བཀའ་གསུམ་ག་ཚང་བར་བྱེད་པ་ནི། ཟབ་པའི་ཕྱིར་རོ། །དེ་ལྟར་ན། བཀའ་གསུམ་པོ་འཆད་པར་འདོད་ན། སྟོན་པ་དང་འཁོར་དང་། གནས་དང་ཆོས་དང་། དུས་དང་། ཕུན་སུམ་ཚོགས་པ་ལྔའི་སྒོ་ནས་འཆད་པ་ཡིན་ན་ནོ། །བཀའ་ཕལ་ཆེ་བའི་ཞུ་བ་པོ་བརྒྱད་ནི། ཤ་རིའི་བུ། རབ་འབྱོར། ཀཽ་ཤི་ཀ་སྟེ་བརྒྱ་བྱིན། བྱམས་པ། འོད་སྲུང་། གང་པོ། གང་གཱའི་ལྷ་མོ། ཀུན་དགའ་བོ་རྣམས་སོ། །བསྟན་བཅོས་རྩོམ་པ་སྔ་བ་ལ་རྒྱ་གར་དུ། བཀའ་བསྡུ་གསུམ་པའི་དུས་སུ་ཚོགས་པ་རྣམས་ཞལ་མཐུན་པར་བྱེ་བྲག་བཤད་མཛོད་ཆེན་མོ་བྱ་བ་རྩོམ་པ། ཕལ་ཆེ་བ་བོད་དུ་མ་འགྱུར་བར་བྱེད་དོ། །བསྟན་བཅོས་འཆད་པར་འདོད་ན། དོན་རྣམ་པ་གཉིས་ཏེ། ལོ་རྒྱུས་ཀྱི་དོན་དང་། དངོས་གཞིའི་དོན་ནོ། །དང་པོ་ལ་བཀའ་དང་བསྟན་བཅོས་གང་ལ་བཤད་ཉན་བྱེད་ཀྱང་། བར་ཆད་གཉིས་སྤོང་རྒྱུ་ནི། ལུང་དང་མངོན་པར་རྟོགས་པའི་བར་ཆད་དོ། །འདུ་ཤེས་བཞི་སྒོམ་པ་ནི། འཕེལ་བར་བྱེད་པ་ལོངས་སྤྱོད་ཀྱི་འདུ་ཤེས་སྒོམ་པ་དང་། ཉོན་མོངས་པའི་ནད་ཞི་བར་བྱེད་པ་སྨན་པའི་འདུ་ཤེས་དང་། དགོས་འདོད་འབྱུང་བ་ཡིད་བཞིན་གྱི་ནོར་བུའི་འདུ་ཤེས་དང་། མི་ཟད་པའི་དོན་འབྱུང་བས་ན། མྱ་ངན་ལས་འདས་པའི་འདུ་ཤེས་བསྒོམས་པའི་ངང་ནས། འཆད་པ་དང་ཉན་པར་བྱའོ། །དམན་