[A:50]རྟེན་དུ་སེམས་ཅན་གྱི་དོན་ལ་འབྱོན་པར་གསུངས་སོ། །མདོ་སྡེ་བསྐལ་བཟང་ལས། དེ་བཞིན་གཤེགས་པ་ཚོགས་ཅན་གཙོ་བོ་ཞེས་པ། ཡབ་ཡུམ་སྲས་རིམ་གྲོ་བ་མཆོག་གཉིས་ལ་སོགས་ཆ་ཚང་བ་ལ། སྐུ་ཚེའི་ཚད་ནི་ཉི་མ་གཅིག་སྟེ། དེའི་བར་ལ་སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་རྫོགས་པར་བཤད་ཅིང། དམ་པའི་ཆོས་ནི་ལོ་དུང་ཕྱུར་ཕྲག་བཞི་དང་། བྱེ་བ་ཕྲག་དྲུག་གི་བར་དུ་གནས་པར་བཤད་དོ། ། ། །