R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 49
[A:49]བར་བྱས་པའི་ལུགས་ཀྱི། དེ་ནས་ཆུ་ཕོ་ཁྱི་ལོ་ལ་ཏི་ཤྲི་ཀུན་བློ་བ། བོད་དུ་བསྙེན་པར་རྫོགས་པར་བྱོན་པའི་ལོ་ཡན་ལ། ལོ་སུམ་སྟོང་བཞི་བརྒྱ་ལྔ་བཅུ་རྩ་ལྔ་འདས། རྩ་དྲུག་པའི་སྟེང་ན་ཡོད་ཅིང་། ད་ལོ་སྟོང་དང་ལྔ་བརྒྱ་བཞི་བཅུ་ཞེ་ལྔ་ལྷག་མར་ཡོད་ཅེས་གསུང་འདུག་པ། ལྷག་མ་དེའི་སྟེང་ནས་ཡང་། ད་ལན་ཤིང་ཕོ་སྟག་ལོ། སྲོག་རྨེ་རྒྱ་གར་དབུས་ན་ཡོད་པ་འདི་ཡན་ལ་ལོ་བརྒྱ་དང་ཉི་ཤུ་རྩ་དགུ་སོང་འདུག་པ། ཡར་རྒྱབ་པས་སྔར་འདས་ཀུན་དྲིལ། ལོ་སུམ་སྟོང་ལྔ་བརྒྱ་བརྒྱད་ཅུ་གྱ་ལྔ་སོང་། གྱ་ལྔ་བའི་སྟེང་ན་ཡོད་ཅིང་འབྲས་བུ་དང་། སྒྲུབ་པ་དང་།ལུང་གི་དུས་དང་། མངོན་པའི་དུས་རྣམས། མདོ་སྡེའི་སྟེང་ནས་ཀྱང་ལོ་བརྒྱད་ཅུ་གྱ་བཞི་ཙམ་སོང་བས་ན། ད་བསྟན་པ་དངོས་ལ། མདོ་སྡེའི་ལོ་བཞི་བརྒྱ་བཅུ་དྲུག་དང་། འདུལ་བའི་ལོ་ལྔ་བརྒྱ་ཡོད་ཅིང་། དེར་སྟེང་རྟགས་ཙམ་འཛིན་པ་ལྔ་བརྒྱ་རྣམས་དྲིལ་བས། ལོ་སྟོང་དང་བཞི་བརྒྱ་བཅུ་དྲུག་ཡོད་པར། མཁས་པ་རྣམས་བཞེད་དོ། །བྱམས་མགོན་གྱི་སྤྲུལ་པ་དང་། བསྟན་པ་དངོས་ཇི་ཙམ་ལ་འབྱོན་ནི། ཡོང་སུ་གྲགས་པར། ཚེ་ལོ་བཅུ་པའི་ལས་ཀྱི་འབྲས་བུ་ཡོངས་སུ་རྫོགས་པའི་སྐབས་སུ། མི་གཞན་ལས་ལུས་གཟུགས་དང་གཟི་བརྗིད་ཆེ་བ་ཡོད་པས། དེ་བྱམས་པའི་སྤྲུལ་པར་བྱོན་པ་བྱེད་ཅིང་། དེ་ནས་ཚེ་ལོ་ཡར་འཕེལ་སྟེ། བརྒྱད་ཁྲིའི་བར་དུའོ། །ཞེས་བཤད་ཅིང་། བྱམས་པ་མགོན་པོའི་བསྟན་པ་དངོས་ནི། འདུལ་བ་ཙནྡྲ་གར་བྷ་དང་། འདུལ་བ་དར་མ་བྱ་བར་སངས་རྒྱས་ཀྱི་ལུང་བསྟན་ཡོད་པ། ཙནྡྲ་གར་བྷའི་ནང་ན། སངས་རྒྱས་ཤཱཀྱ་ཐུབ་པ་མྱ་ངན་ལས་འདས་ནས་ལོ་བྱེ་བ་ཕྲག་ལྔ་བཅུ་རྩ་བདུན་སོང་བ་དང་། རྒྱལ་བ་བྱམས་པ་མགོན་པོ་འཇིག