R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 1
[A:1]མཆོད་བརྗོད་དང་རྩོམ་པ་དམ་བཅའ་བ། ༄༅། བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ། །ཆོས་ཀྱི་རྒྱལ་པོ་སྐྱབས་གསུམ་འདུས་པའི་སྐུ། །ཆོས་ཀྱི་དབང་ཕྱུག་ཁམས་གསུམ་འདྲེན་པའི་མཆོག །ཆོས་ཀྱི་འབྱོར་པས་སྟོང་གསུམ་དབུལ་བ་སེལ། །ཆོས་རྗེ་བླ་མ་དུས་གསུམ་མཁྱེན་ལ་འདུད། །བསྐལ་བཟང་འདི་ལ་སྲིད་པ་གསུམ་གྱི་མགོན། །མཚན་བཟང་དཔེ་བྱད་བརྒྱད་ཅུའི་གཟི་འོད་འབར། །རིགས་བཟང་ཟས་གཙང་སྲས་པོ་ལྷའི་ལྷ། །བློ་བཟང་ཀུན་མཁྱེན་རྒྱལ་པོའི་ཞབས་ལ་འདུད། །བྱམས་པའི་ཐུགས་ཀྱིས་ལོག་པའི་ལྟ་བ་འཇོམས། །སྙན་དབྱངས་གསུང་གི་འགྲོ་ལ་ཆོས་ཆར་འབེབས། །སྨྲ་བའི་ཕྱོགས་ལ་མི་འཇིགས་སེང་གེ་ཡི། །སྤོབས་པ་མཆོག་སྩོལ་རྒྱལ་སྲས་སྐུ་ལ་འདུད། །བསྟན་པ་ཡུན་རིང་གནས་ཕྱིར་སྟོན་པ་ཡིས། །བསྟན་འཛིན་སྐྱེས་བུའི་མཐུན་རྐྱེན་སྒྲུབ་པ་དང་། །བསྟན་ལ་གནོད་བྱེད་དགྲ་བགེགས་ཚར་གཅོད་པའི། །བསྟན་སྲུང་ལྷ་ཆེན་དཔལ་འབར་རྒྱལ་གྱུར་ཅིག།དེ་ལྟར་མཆོད་པར་བརྗོད་ནས། དམ་པ་རྣམས་དགྱེས་པའི་འབེལ་གཏམ་མཁས་རྨོངས་དབྱེ་བའི་གཞི། །རྒྱ་གར་རྒྱ་ནག་གེ་སར་སྟག་གཟིག་དང་། །བལ་པོ་ཧོར་སོག་མི་ཉག་རྒྱལ་རབས་དང་། ཁྱད་པར་བོད་ཡུལ་གངས་ཅན་ཁྲོད་འདི་རུ། བསྟན་པའི་གསལ་བྱེད་ལོ་པཎ་ཁུ་དབོན་སོགས། །མཁས་གྲུབ་དུ་མས་དཀའ་བ་བརྒྱ་ཕྲག་གིས། །དགེ་འདུན་སྡེ་བཙུགས་བཤད་སྒྲུབ་བསྐྱངས་ཚུལ་དང་། །དེའི་