R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 2
[A:2]སྦྱིན་བདག་སྡེ་དཔོན་བྱམས་ལྡན་རྣམས། །རིམ་པར་བྱོན་ནས་བསྟན་པའི་བྱ་བ་དང་། །རང་གཞན་ཕན་བདེའི་དཔལ་ལ་བཀོད་ཚུལ་གྱི། །ཡིག་ཚང་ངོ་མཚར་འཕྲེང་བ་མཐའ་ཡས་རྣམས། །བདག་རྨོངས་བློ་ཡིས་སྲད་བུར་བརྒྱུས་ལ་ནུས། །འོན་ཀྱང་བསྟན་ལ་གུས་ཞིང་མཁས་པ་ཡི། །ཕྱག་སྲོལ་མཐོང་ལ་བློ་མོས་ཆེ་བ་དང་། །གོང་མའི་རྣམ་ཐར་དམ་པའི་གླེང་འོས་རྣམས། །བརྗེད་དུ་ཕངས་ནས་སངས་རྒྱས་འཇིག་རྟེན་འདིར། །བྱོན་པའི་ཚུལ་དང་བཀའ་ཆེམས་བཀའ་ཁོལ་དང་། །རྒྱལ་རབས་རྐྱང་ཁུགས་བློན་པོའི་ཞལ་གདམས་དང་། །སྦ་བཞེད་ཡར་ལུང་ཇོ་བོ་ཚལ་པ་དང་། །བུ་སྟོན་གྱིས་མཛད་ཆོས་འབྱུང་ཆེན་མོ་སོགས། །ཡིག་ཚང་སྣ་ཚོགས་ལེགས་བསྡུས་བརྗེད་བྱང་དང་། །བློ་གསལ་མཛེས་པའི་རྒྱན་ལ་ཕན་ཕྱིར་དུ། །མདོར་བསྡུས་དོན་གསལ་འདི་ཉིད་བདག་གིས་བྲིས། །མཁས་པའི་ཚོགས་ཀྱིས་བཟོད་པ་མཛད་པར་རིགས། །རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བར་བྱེད་པའི་མཆོད་བརྗོད་དང་གླེང་གཞི་བསྟན་པ་ཕྱོགས་དུས་ཐམས་ཅད་དུ་དགེ་ལེགས་འཕེལ་བར་གྱུར་ཅིག། །།