[A:57]མགར་སྟོང་བཙན་ལི་ཡུལ་དུ་ཡོང་དུས་བཞེངས་སོ། །རྒྱལ་པོ་དེ་དང་སྲས་བི་ཛ་ཡ་གྲ་མ་བྷད་གཉིས་རྒྱ་ཡུལ་ལ་བྱོན་པའི་རིང་ལ། ལིའི་བློན་པོ་ཨ་མ་ཆ་གེ་མེག་བྱ་བས། ལོ་བཅུ་གཉིས་རྒྱལ་ཚབ་བྱས། དེའི་དུས་ལ་ནང་སྡེའི་མཆོད་རྟེན་དང་། གཙུག་ལག་ཁང་བཞེངས་སོ། །དེ་ནས་རྒྱལ་པོ་བི་ཛ་ཡ་བྷད། ལིའི་ཡུལ་དུ་སླེབས་ནས། གྱེར་ཞིག་གྲེ་རྨ་བྱ་བའི་གཙུག་ལག་ཁང་བཞེངས་སོ། །དེའི་འོག་ཏུ་རྒྱའི་སེར་ཐི་ཤིས། བང་མཁར་དུ། བྱམས་པ་མི་ཏྲིའི་གཙུག་ལག་ཁང་། རྒྱའི་བློན་པོ་ཀ་ཐི་ཤིས། ཁེ་གྭན་རྩེའི་གཙུག་ལག་ཁང་དང་། སྔོན་འཕགས་པ་བཻ་རོ་ཙ་ནས།ཙར་མའི་ཚལ་དུ་ཕྱུགས་རྫི་ལ་སྐད་བསླབས་པས། པུ་ཏོ་ཉའི་མཆོད་རྟེན་ཆེན་མོ་བཞེངས། རྟིང་ལ་དེ་ཞིག་པ་དང་། རྒྱལ་པོ་བི་ཡ་ཧོ་ཧན་དང་། རྒྱའི་དགེ་སློང་བ་ལ་ཤིས། ས་དེར་གཙུག་ལག་ཁང་གཅིག་བཞེངས་སོ། །གཞན་ཡང་རྒྱལ་པོ་ན་རིམ་གྱིས་བཙུན་མོས་བཞེངས་པ་དང་། བཙུན་མོའི་སླད་དུ་གཙུག་ལག་ཁང་བཞེངས་པ་ནི། ནུ་བོ་ཉ་ཞེས་བྱ་བའི་གཙུག་ལག་ཁང་དང་། མོ་ཟོ་འཇོའི་དང་། ཟེ་རོ་འཇོའི་དང་། སོ་ཡན་སྡོའི་དང་། འགོ་མོ་འཇའི་དང་། བཀའ་གྲོ་མཛོའི་དང་། ཧོ་རོན་མཛོའི་དང་། སོ་ལོན་མཛོའི་དང་། ཡར་ལོན་ནོའི་དང་། ཁོ་བོན་ནོ་ནོའི་དང་། གུ་རཻ་མའི་དང་། ཨ་ཀོ་ནོའི་དང་། ཀུས་ཙི་ཨོར་སྟོང་ནག་གིའི་དང་། ཅི་ཏུ་ནོའི་དང་། ཁྱེའོ་ནོའི་དང་། ན་མོ་བྷོ་ཐོང་གི་དང་། ན་འོང་ཡོ་ནུའི་གཙུག་ལག་ཁང་བྱ་བ་སོགས་མང་དུ་བཞེངས་སོ། །སྤྱིར་འུ་ཐན་ན་གཙུག་ལག་ཁང་ཆེན་པོར་བརྩི་བ། སྐུ་མཁར་གྱི་ཕྱི་ནང་ན། དྲུག་ཅུ་རྩ་བརྒྱད། འབྲིང་དགུ་བཅུ་རྩ་ལྔ། ཆུང་ངུ་བརྒྱ་བཞི་བཅུ་ཞེ་བརྒྱད། དགོས་ཚོས་ཀྱི་ལྷ་ཁང་ཆུང་ངུ་ན་དང་། ཡོན་བདག་མེད་པའི་ལྷ་ཁང་དང་། མཆོད་རྟེན་ཆེན་པོ་གསུམ་སྟོང་དྲུག་བརྒྱ་བརྒྱད་ཅུ་རྩ་བརྒྱད་