[A:56]བུ་ཟླ་འོད་དུ་གྱུར་ཚེ་བྲམ་ཟེ་ལ་དབུ་བྱིན་པའི་ས་དང་། སངས་རྒྱས་ཀྱི་ཞབས་ཀྱི་བཅགས་པའི་གྷེའུ་ཏོ་ཤན་དང་། བྷོད་བྷ་ལོང་ཀྱི་ཚལ་དུ་གཙུག་ལག་ཁང་དང་མཆོད་རྟེན་ཆེན་པོ་རེ་བཞེངས་སོ། །གཅེན་ཆེ་བ་འདོན་འགྲོས་རྒྱ་གར་ནས་ཕེབས། སྐུ་མཆེད་མཇལ་བར། འཇའ་མོ་ཀ་ཀོ་རོང་ངའི་ལྷ་ཁང་བཞེངས་ཤིང་། ནོར་གཙང་མས་སང་ཏིར་གྱི་གཙུག་ལག་ཁང་བཞེངས་སོ། །དེ་ནས་བི་ཛ་ཡ་དར་མའི་བུ། རྒྱལ་པོ་བི་ཛ་ཡ་སེང་ཧས་སོམ་ཉའི་གཙུག་ལག་ཁང་དང་། མཆོད་རྟེན་བཞེངས། དེའི་འོག་ཏུ་རྒྱལ་པོ་བི་ཛ་ཡ་ཀིརྟིས་པུན་ཉོའི་གཙུག་ལག་ཁང་བཞེངས་ནས། དིང་སང་བར་དུ་ཆུའི་འཇིགས་པ་ཀླུས་བསྲུངས་པ་ཡོད་དོ། །དེའི་བུ་ཇི་ཛ་ཡ་སམ་ཏྲ་ལས། དགྲ་བཅོམ་པ་ཛྙཱ་ན་ཡཀྵའི་བཀའ་བཞིན་དུ། དར་མ་ཏིར་གྱིས་གཙུག་ལག་ཁང་དང་། གྷུང་ཤན་གྱི་གཙུག་ལག་ཁང་བཞེངས་སོ། །དེའི་བུ་བི་ཛ་ཡ་སེང་ཧས། བྱམས་པའི་ཞལ་མཐོང་། གཞའ་གསེར་མའི་གཙུག་ལག་ཁང་བཞེངས་སོ། །དེའི་བུ། རྒྱལ་པོ་ཇི་ཛ་ཡ་ཕ་ལ་འཆང་རྒྱལ་པོ་རབས་དྲུག་གི་བར་ལ། གཙུག་ལག་ཁང་གཞན་མ་བརྩིགས་སོ། །དེ་ནས་རྒྱལ་པོ་བི་ཛ་ཡ་ས་ཏྲ་ལས། སངས་རྒྱས་ཀྱི་སྐུ་གཟུགས་བཅུ་དགུ་ཁྱེར་ནས་ལི་ཡུལ་དུ་ནམ་མཁའ་ལ་བྱོན་བྱུང་བ་བཞུགས་པའི་གཙང་ཁང་དང་། བཀྲ་ཤིས་བསིལ་བའི་ཚལ་དུ་མཆོད་རྟེན་དང་། དགྲ་བཅོམ་པ་མུ་གུ་སྡེས། ཨ་པ་ཡ་དྷེངས་ཀྱི་བཀའ་བཞིན་དུ། གཞའ་སམ་མའི་གཙུག་ལག་ཁང་བཞེངས་སོ། །དེའི་བུ་རྒྱལ་པོ་ཇི་ཛ་ཡ་ཤ་ཏ་མན་ཆད། རྒྱལ་རབས་བཞིའི་བར་ལ་གཙུག་ལག་ཁང་གསར་པ་མ་བརྩིགས་སོ། །དེ་ནས་རྒྱལ་པོ་བི་ཛ་ཡ་ཀརྟི་ལ། ཀླུའི་རྒྱལ་པོས་བསྐུལ་ནས། ལ་བྷ་ཡ་ཉའི་གཙུག་ལག་ཁང་བཞེངས་པ་འདི་ནི་བོད་རྒྱལ་པོས་ལི་ཡུལ་ལ་མངའ་མཛད། དེའི་བློན་པོས་