[A:58]བཞུགས་སོ། །འུ་ཐན་ན་དགེ་འདུན་དགོས་ཚོ་ཡན་བྱིན་ནོ། །བྱི་བ་ལོ་ལ་བརྩིགས་པས་ཁྲི་ཚོ་གཅིག་ཙམ་བཞུགས་སོ། །མདོ་ལོ་དང་མེ་སྐར་ཕྱོགས་ན། གཙུག་ལག་ཁང་ཆེན་པོ་བཞི། ཆུང་ངུ་ན་བརྒྱ་ལྷག་ཙམ་དང་། དགེ་འདུན་བརྒྱ་ཉི་ཤུ་ཙམ་བཞུགས། ཀམ་ཤང་དང་། ཕོ་ཉ་དང་། བེརྒ་ཌ་དང་། ཨོ་ཀུ་ཡན་ཆད། བྱི་ལི་མན་ཆད་སྐུ་མཁར་གྱི་ནང་ན་གཙུག་ལག་ཁང་ཆེན་པོ་ཉི་ཤུ་རྩ་གསུམ། འབྲིང་པོ་ཉི་ཤུ་རྩ་གཅིག ཆུང་ངུ་ཉི་ཤུ་རྩ་གསུམ་ཙམ་དང་། དགོས་ཚོས་ཀྱི་ལྷ་ཁང་མཆོད་རྟེན་ཆུང་ངུ་ལ་སོགས། བརྒྱད་བརྒྱ་སུམ་ཅུ་རྩ་དགུ་ཙམ་བཞུགས། དགེ་འདུན་སྡེ་གཉིས་ནི། ལས་རྐྱེན་དང་དགོས་ཚོ་མན་ཆད་ན། བཞི་བརྒྱ་སུམ་ཅུ་རྩ་བརྒྱད་བཞུགས་སོ། །གྱིམ་ཀང་མན་ཆད་ཀེཾ་ཤང་དང་། དུར་བརྒྱ་ཡན་སྐུ་མཁར་གྱི་ནང་ཚར་མ་ཡན་ན་གཙུག་ལག་ཁང་ཆེན་པོ་བཅོ་ལྔ་ཙམ་དང་། ལྷ་ཁང་ཆུང་ངུ་དང་མཆོད་རྟེན་མང་དུ་བཞུགས། དགེ་འདུན་སྡེ་གཉིས་ནི། ལས་རྐྱེན་དང་། དགོས་མཆོད་ཡིན་ལ། སྤྱིར་དགུ་བརྒྱ་དྲུག་ཅུ་རྩ་གསུམ་ཙམ། རྒྱལ་པོ་ས་ལ་ནུའི་ཚ་བོ། རྒྱལ་པོ་བི་ཛ་ཡ་སམ་བྷ་བའི་དུས་སུ། རྒྱ་ཡུལ་དུ་ཆོས་བྱུང་བའི་ཐོག་མ་ཡིན་པ་དེ་ནས་རྩིས་ལོ་བཤོལ་བོར་ནས། ཁྱི་ལོ་སྟོན་ཟླ་ཐ་ཆུང་ཡན་ལ། ལོ་གྲངས་ནི་སྟོང་དང་ཉིས་བརྒྱ་ལྔ་བཅུ་ཙམ་སོང་འདུག་གོ། དང་པོ་རྒྱལ་པོ་ས་ནུས་རྗེ་བྱས་ནས། བཟང་བཙན་བཟང་ལ་བཏང་། ལི་རྗེར་བསྐོས་པ་ཡན་ལ། ལིའི་རྒྱལ་རབས་ལྔ་བཅུ་རྩ་དྲུག་དང་། ཕྱག་ཚབ་གཅིག་བྱུང་གདའོ། །ལི་ཡུལ་དུ་རྒྱལ་རབས་བདུན་པ། རྒྱལ་པོ་ཇི་ཛ་ཡ་ཀིརྟི་ཞེས་པའི་རིང་ལ། སཾ་ཀ་པ་གྲ་ཧ་མའི་གཙུག་ལག་ཁང་དང་། ཉེ་བའི་ལུང་པ། སཾ་ཀ་ན་ནྱིར་བྱ་བ་ན། སཾ་གྷ་བ་པ་ན་ཞེས་པའི་དགྲ་བཅོམ་པ་གཅིག་བཞུགས་ཏེ། དེའི་སློབ་མ་བན་དེ་