[A:59]ཞིག་གིས། འདུལ་བ་ཙནྡྲ་གར་བྷ་དང་། འདུལ་བ་དར་མ་སངས་རྒྱས་ཀྱི་ལུང་བསྟན་པ་མཐོང་ནས། དགྲ་བཅོམ་པ་ལ་ཞུས་པས། ཐུབ་པ་མྱ་ངན་ལས་འདས་ནས། ལོ་ཉིས་སྟོང་གི་བར་ལ། ལི་ཡུལ་འདིར་ཆོས་ཀྱི་གཟུགས་བརྙན་དང་། རིང་བསྲེལ་གནས་པར་འགྱུར་ཏེ། དེ་ནས་ནུབ་པར་འགྱུར་ཞིང་། ལི་ཡུལ་དང་། ཤུ་ལིག ཨ་སན་གསུམ་ག རྒྱ་དང་། གདོང་དམར། པོ་བྱི། གྲུ་གུ། ཧོར་ལ་སོགས་པས་འཇོམས་པར་བྱེད་དོ། །དེའི་རྗེས་ལ་བྱང་ཆུབ་སེམས་དཔའ་གཅིག་གདོང་དམར་གྱི་རྒྱལ་པོར་སྐྱེ་བ་བླངས་ནས། བོད་ཁམས་སུ་དམ་ཆོས་འབྱུང་ཞིང་། གཙུག་ལག་ཁང་དང་། མཆོད་རྟེན་བརྩིགས། དགེ་འདུན་གྱི་སྡེ་འཛུགས། རྒྱལ་བློན་རིམ་གྱི་ཆོས་ལ་སྦྱོར། ཡུལ་ཁམས་གཞན་གྱི་མཁན་པོ་དང་། གསུང་རབ་མང་པོ་གདན་འདྲེན། ལི་ཡུལ་འདིའང་བོད་ཀྱི་རྒྱལ་པོ་དེའི་མངའ་རིས་སུ་དབང་བྱེད་པ་འགྱུར་རོ། །དེ་ནས་གདོང་དམར་དུ་རྒྱལ་རབས་བདུན་གྱི་བར་ལ། དམ་པའི་ཆོས་ལ་སྤྱོད་པར་འགྱུར། དེའི་ཚེ་ལི་ཡུལ་འདིར་ཆོས་ནུབ་པ་ལ་ཉེ་བའི་ཚེ་སྐབས་སུ། དེའི་རྒྱལ་པོ་གཞོན་པ་གཅིག་ཆོས་ལ་གནག་པས། ལི་ཡུལ་གྱི་དགེ་འདུན་བསྐྲད་པས་ཙར་མ་དང་། འབོང་དང་། མེ་སྐར། ཀོ་ཉའི་གཙུག་ལག་ཁང་རྣམས་སུ་རིམ་བཞིན་དུ་བུད་ནས། གདོང་དམར་གྱི་ཡུལ་ལ་ཁ་བལྟས། གཡག་སྒལ་ཅན་གྱི་ལམ་སྣ་བྱས་པ་ལྟར་ཕྱིན། བོད་ཡུལ་མཚལ་གྱི་བྱ་བར་སླེབས། དེའི་རྒན་པས་གདོང་དམར་རྒྱལ་པོ་ལ་བསྙད་པ་དང་། བཙུན་མོ་བྱང་སེམས་སྤྲུལ་པ། རྒྱའི་ཀོང་ཇོ་ཞིག་ཡོད་པ་དེས། ལིའི་དགེ་འདུན་རྣམས་གདན་དྲངས། སྦྱིན་བདག་བྱས། ད་དགེ་འདུན་ཨེ་ཡོད་བྱས་པས། དེའི་མཁན་པོ་ན་རེ། ཨན་བེ་དང་། ཤུ་ལིག ཁ་ཆེ་རྣམས་ན་མང་པོ་ཡོད་ཟེར་བ་ལྟར། དེ་རྣམས་ཀྱང་གདན་དྲངས། གཙུག་ལག་ཁང་དུ་བཞུགས་སུ་བཅུག ལོ་གསུམ་བཞིར་ཞབས་ཏོག་ལེགས་པར་