R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 61
[A:61]རྣམས། །ཕྱི་ནང་འདྲེས་མ་ཤས་ཆེར་ཕྱི་རོལ་སྣང་། །རྒྱལ་བས་བསྔགས་པའི་འཕགས་ཡུལ་བལ་པོ་ཡིས། །རྒྱལ་རབས་བྲིས་པའི་རྣམ་དཀར་དགེ་བ་དེས། །སླར་ཡང་འཕགས་པའི་ཡུལ་དེར་ཆོས་དར་ཞིང་། །འགྲོ་ཀུན་བྱམས་པ་མགོན་པོའི་ས་ཐོབ་ཤོག། །།