[A:65]འཕྲུལ་རིམ་པར་སྟོན་ནོ། །བཀའ་ཆེམས་བཀའ་ཁོལ་མ་ནས། རྒྱ་གར་གྱི་རྒྱལ་པོ་དྷརྨ་ཕ་ལའི་རྟིང་ལ། མུ་སྟེགས་པའི་དམག་གིས་ཤྲཱི་ན་ལེནྡྲ་བཅོམ། བསྟན་པ་བསྣུབས་པའི་དུས་སུ། རྒྱ་ནག་རྒྱལ་པོ་དེ་བ་རཱ་ཛ་ལ། དམག་གྲོགས་སྦྲན་པས། དེའི་ལམ་ཐོན། སྐྱེས་ཀྱི་ནོར་དངོས་བཟང་བ་སྐུར་གྱི། དེ་ལ་བརྟེན་ནས། ཕྱི་པ་ཐུལ་ཅིག་ཟེར། ཟ་འོག་གི་གོས་སྲུབས་མེད་པའི་རི་མོ་ཅན། མཚོན་དང་ཟོང་གི་མི་ཕིག་པ། ཐུགས་ཀར་དཔལ་བེའུ་ཡོད་པ་ཞིག་གི་འགོ་བྱས་པའི། སྐྱེས་བཟང་པོ་ཐེངས་གཉིས་བསྐུར་བས། མུ་སྟེགས་ཐུལ། ལྷ་ཆོས་དར་བར་བྱུང་བའི་སྐྱེས་ལན་ལ། སངས་རྒྱས་དགུང་ལོ་བརྒྱད་པའི་སྐུ་ཚབ་དང་། མདོ་ཟ་མ་ཏོགསྟུག་པོ་བཀོད་པ། ཆུ་ཀླུང་གི་མདོ། འདུལ་བ་ཀོ་ཤ དགེ་སློང་བཞི་སྡེ་གཅིག་དང་བཅས་པ་དགོས་ཟེར་བྱུང་བས། ཁོང་དྲིན་ཆེ་བར་ཡོད་ཟེར་ནས་བསྐུར་བས། རྒྱ་ནག་ཏུ་ཕེབས་པར་བྱེད་དོ། །མི་དཔོན་དམག་དང་བཅས་པས། རྒྱ་ཡུལ་དུ་འཁོར་དུས། ཞི་ཅིན་རྒྱལ་པོ་སྐུ་གཤེགས། རྒྱུད་ཆད་ནས། སྔར་གྱི་ཆིང་སང་དེས་རྒྱལ་པོ་བྱེད་ཀྱིན་འདུག་ཟེར་བ་ཐོས་པས། དམག་དཔོན་དེས་རང་གི་དམག་ཁྲི་ཚོ་བཞི་པོ་བསྡུས་ནས། སི་ཆོན་དང་། ཅིའུ་མཁར་ཉི་ཤུ་རྩ་བཞིའི་རྒྱལ་པོ་བྱས་སོ། །དུས་ཕྱིས་དམག་དཔོན་དེའི་རྒྱུད་པའི་ལག་ནས། ཆིང་སང་རྒྱལ་པོས་ཇོ་བོ་རིང་བསྲེལ་པཎྜི་ཏ་རྣམས། ཀིཾ་ཤང་ཧུར་གདན་དྲངས། བཀུར་སྟི་ཆེན་པོ་བྱས། པཎྜི་ཏ་དེ་ལ་བཙུན་མོ་བཅུ་ཡོད་པས། དགེ་འདུན་རྣམས་མ་མོས་པས་ཞལ་དུ་ཁབ་གསོལ་ནས་དག་སྣང་སྦྱངས། པཎྜི་ཏ་དེའི་སློབ་མ་ཅེའུ་ཧྭ་ཤང་ཞེས་པ་མཁས་པ་ཞིག་བྱུང་བ་དེ་ལའང་། པཎྜི་ཏ་ཟེར། དེ་ལ་རྒྱལ་པོའི་བཙུན་མོ་ཆེ་བ་འགྲོགས་པ་ལ་བསྟན་ནས། སྐེ་བཅད་པའི་ཁྲིམས་ཕོག མགོ་བོ་བྲེགས་པས་ཁྲག་འོ་མར་བྱུང་། རང་གི་