[A:64]ཆོས་བཀལ་ནས། རྒྱ་ནག་ཧོ་ནན་དུ་པའེ་མ་སི་ལྷ་ཁང་བཞེངས། ཆོས་བསྒྱུར། དེ་ཕྱིན་ཆད་ནས་རྒྱ་ནག་ཏུ། སངས་རྒྱས་ཀྱི་བསྟན་པ་དར་བ་ཡིན་ནོ། །པཎྜི་ཏ་དེ་གཉིས་ཀྱི་དགྲ་བཅོམ་པ་ཐོབ་ནས། རྫུ་འཕྲུལ་གྱི་གཅིག་ནམ་མཁའ་ལ་འཕུར་ནས། རྒྱ་མཚོའི་གླིང་ཀའུ་ལི་དཀར་པོའི་རྒྱལ་ཁམས་ཞེས་པར་སོང་ནས་མྱ་ངན་ལས་འདས། གཅིག་ནི་ལྷ་ཁང་དེའི་འོག་ཏུ་འགོག་པའི་ཏིང་ངེ་འཛིན་ལ་ཞུགས་ནས། བྱམས་མགོན་བྱོན་དུས་མཇལ་ནས་མྱ་ངན་ལས་འདའོ་ཟེར། ཧན་གྱི་རྒྱལ་རབས་ཉི་ཤུ་རྩ་བཞི་པ། ཧན་ཧེན་ཏིའི་རྒྱལ་པོའི་བློན་པོ་ཚའོ་ཚའོ་ཟེར་བས་རྒྱལ་ས་ཕྲོགས་པ་མི་རྒྱུད་ལྔར་རྒྱལ་པོ་བྱས། ཡང་དེའི་བློན་པོ་སི་མ་ཞེས་པས། རྒྱལ་ས་ཕྲོགས་ནས་བཟུང་། དེ་སྟིང་ཧེའུ་ཙིང་གི་རྒྱུད་པ་ལ། ཏུང་ཅིན་ཞི་ཅིན་གཉིས་བྱུང་བའི། ཞི་ཅིན་གྱི་རྒྱལ་པོའི་དུས་སུ། རྒྱ་གར་པཎྜི་ཏ་རྒས་པོ་གཅིག་བྱུང་ནས། རྒྱ་གར་དང་ལྗང་ཡུལ་གྱི་བར་རྒྱལ་ཁམས་ཆུང་ངུ་ཞིག་ན། སྔོན་སངས་རྒྱས་ཤཱཀྱ་ཐུབ་པ་སུམ་ཅུ་རྩ་གསུམ་དུ་བྱོན་དུས་བཞེངས་པའི་ལྷ། སངས་རྒྱས་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་ཇོ་བོ་ཤཱཀྱ་མུ་ནེ་དང་། སངས་རྒྱས་ཀྱི་རིང་བསྲེལ་དང་། ཀུ་མྰ་ར་ཞེས་པའི་པཎྜི་ཏ་མཁས་པ་གཅིག་རྣམས་ཡོད་པ། དེར་རྒྱལ་ཁམས་ཆུང་བས། འགྲོ་དོན་མི་འཕེལ་བར་འདུག རྒྱལ་པོ་ཁྱེད་ལ་སྟོབས་འདུག་པས། དམག་ཐོངས་ལ་དེ་རྣམས་བླངས་ན། སེམས་ཅན་མང་པོ་ལ་ཕན་པར་འདུག་ཟེར་བས། རྒྱལ་པོ་དེ་ལ་བློན་པོ་ཞིང་གི་ཕྱིང་སང་ཞིག་དང་། ཆུ་མི་དབྱེན་གྱི་མི་དཔོན་ཞིག་ཡོད་པ་ལས། མི་དཔོན་ལ་དམག་ཁྲི་ཚོ་བཞི་བཅུ་ཐམས་པ་བསྐུར་ནས་བཏང་བས། ཇོ་བོ་དང་རིང་བསྲེལ་ངོ་བོ་དང་། པཎྜི་ཏ་དེ་འདས་འདུག་པའི་ཚབ་ལ་ཀུ་མཱ་ར་ཆུང་བ་རྣམས་གདན་དྲངས། ལམ་དུ་པཎ་ཆུང་དེས། མཁས་པའི་རྣམ་