[A:67]ལ་རྒྱལ་ས་བཟུང་། ལོ་དགུ་རྒྱལ་སྲིད་བསྐྱངས། བདུན་ཅུ་ལ་འདས། དེའི་བུ་ཐང་ཐའི་ཛུང་གིས་ཤིང་ཕོ་རྟ་ལ། བོད་ཀྱི་རྒྱལ་པོ་དང་གྲོགས་པོ་བྱས། སྐྱེས་སྐུར་རེས་བྱས། རྒྱ་བོད་འབྲེལ་བའི་སྔོན་མ་ཡིན་ནོ། །ཐང་གི་བུ་མོ་སློང་བ་ལ། བོད་རྒྱལ་སྲོང་བཙན་སྒམ་པོས། གསེར་གྱི་ཁྲབ་བསྐུར་བཏང་བས་མ་བྱིན་པ་ལ། བོད་དམག་འབུམ་ཕྲག་གཉིས་ཁྱེར་ནས། ཐུ་ཡུས་ཧུན་བཅོམ་ཏེ་བཟུང་། དམག་རྣམས་ཕྱིར་ལྡོག དེའི་རྟིང་ཡུན་རིང་པོ་ནས། བོད་ཀྱི་བློན་པོ་མགར་སྟོང་བཙན་ལ་གསེར་སྟོང་ཚོ་ལྔ་དང་། རིན་པོ་ཆེའི་རིགས་མང་པོ་བསྐུར་ནས། བུ་མོ་སློང་བ་ལ་བཏང་བས། ཐའི་ཛུང་གི་སྲས་མོ། ཝུན་ཤིང་ཀོང་ཇོ་ལྕགས་མོ་བྱ་ལ་བྱིན་ནས། པཱའི་ཧྭ་ནས་སྐྱེལ་མི་དང་། བསུ་མི་འཛོམས་བོད་ཡུལ་དུ་སླེབས། ཀོང་ཇོས་རྒྱལ་པོ་ལ་ཞུས་ནས། བོད་ན་སྔར་ཡིག་ཚང་མེད་པ་ལ། ཡིག་ཚང་བཅས་བློན་པོ་མགར་ལ་ཐང་གི་རྒྱལ་པོ་མཉེས་ནས། ཚ་མོ་ཀོང་ཇོ་ཞིག་དང་། གཡིའུ་གཡུ་ཐའི་ཇུང་ཀུན་ཞེས་པའི་མིང་བྱིན། བོད་ལ་རྒྱའི་ལས་ཀ་བྱིན་པའི་སྔོན་མ་ཡིན་ནོ། །ཐའི་ཛུང་གིས་རྒྱ་གར་དུ། མ་ག་ཏ་བཅོམ། དེ་ཐོས་ནས། བོད་རྒྱལ་པོས་མ་ག་ཏ་བཅོམ་ཟེར་རོ། །ཐང་ཐའི་ཛུང་གི་མེ་ཕོ་བྱི་ལོ་ནས། ལོ་ཉེར་གསུམ་རྒྱལ་ས་བཟུང་། ལྔ་བཅུ་ང་གཉིས་པ་ས་མོ་བྱ་ལོ་ཟླ་བ་བཞི་པ་ལ་འདས་ཟེར། དེའི་བུ་དགུ་པ་ཆའི་ཀོའུ་ཛུང་གྱོལ་སར་བཏོན། བོད་རྒྱལ་སྲོང་བཙན་སྒམ་པོ་ལ། ལས་ཀ་སྔར་རྟིང་གཉིས་བྱིན་པས། དང་པོ། ཧཱུ་མ་དུ་ད་ཝི་སིའི་ཧའི་ཐུན་དབང་། ཞེས་པ་དང་། རྟིང་མ་ཚུང་དབང་བྱ་བ་ཡིན། བོད་ཡུལ་དུ་སྔར་མེད་པའི་དར་གྱི་འབུ་དང་། འབྲས་ཆང་དང་། ཤེལ་བཟོ་བ་སོགས། བཟོ་རིགས་པ་མང་པོ་བཏང་། དེར་རྟིང་