R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 69
[A:69]རྒྱུད་མེད་པས། མོས་མིང་པོ་ཝུ་སན་ཞེས་པ་ལ། རྒྱལ་སར་བསྐོ་རྩིས་ཀྱི་མི་མང་པོ་ཚོགས་པ་ལ། ཝུ་སན་བསྐོས་པ་ཨེ་འཐད། སྐད་རིང་བཏོན་པས། སུ་མི་འཐད་ཟེར་བ་བསོད་པས། རྒྱལ་མོས་འཇའ་ས་བྱས་པ་ལས། བོད་བློན་དེས་ཝུ་སན་ལ་ང་བསྐོས་པ་མི་འཐད་གྱིས་ཤིག་བྱས། སྐད་བྱུང་དུས་ཁོ་བོས་དེ་སྐད་བྱས་པ་དང་། བོད་བློན་དེས་རལ་གྲི་བརྒྱབ་ནས་བསད། དེ་ཅི་ཡིན་བྱས་པས། རྒྱལ་མོ་རང་གི་ལུང་ཡིན་བྱས་པས། བྱ་ས་མ་རྙེད། དེ་ནས་མྱ་ངན་དུ་གྱུར་པ་ལ། བློན་པོ་དེས་བོང་སྣ་ཅན་ཁྱེར་ནས་ཡོང་ནས་རྒྱལ་སར་བསྐོས་པ། རྒྱལ་པོ་བོང་སྣ་ཅན་དུ་གྲགས་པ་དེ་ཡིན་ཅིང་། བོང་སྣ་སྒྲིབ་ཕྱིར་དུ་གསེར་གྱི་འབག་གཅིག་སྒྲོན་པས་རྒྱལ་པོ་གསེར་ཞལ་བྱ་བ་ཡང་དེ་ནས་བྱུང་བར་བྱེད་དོ། །མ་བུ་འདི་གཉིས་ཀྱི་དུར་ད་ལྟ་ཁན་རྗེའུ་ཡི་བྱང་ཕྱོགས་ན་ཡོད་པ་དེ་ཡིན་ཟེར། རྒྱལ་མོ་འདི་ལ་བོད་རྣམས་རྒྱའི་འ་ཛི་རྒན་མོ་ཟེར་བར་འདུག གཏམ་རྒྱུད་འདིའི་ལུགས་ལ། ཤིང་མོ་སྦྲུལ་ལ། རྒྱལ་པོ་རང་བུ་ཛུ་ཛུང་རྒྱལ་སར་བཏོན། བོད་ཀྱི་རྒྱལ་པོས་བུ་མོ་སློང་དུ་བྱུང་བ་ལ། ནུ་བོ་ཇི་ཛུང་དབང་གི་བུ་མོ། ཀིམ་ཤིང་ཀོང་ཇོ་བྱོན། རྫོངས་པར་གསེར་སྲང་ཁྲི་ཚོ་མང་པོ་དང་། བཟོ་རིགས་སྣ་ཚོགས། རོལ་མོའི་སྒྲའི་རྣམ་གྲངས་དུ་མ་དང་། མི་ཉག་གི་ཡུལ་ཐམས་ཅད་དང་བཅས་པ་བྱིན་ནོ། །ཛུ་ཛུང་རྒྱལ་པོས་ལོ་དྲུག་སྲིད་བསྐྱངས། ལྔ་བཅུ་རྩ་ལྔ་པ་ལྕགས་ཕོ་བྱི་བ་ལ་འདས། ལྕགས་མོ་ཕག་ལ་ཀོང་ཇོའི་ཕ། ཝུ་ཛུང་རྒྱལ་སར་བསྐོས། ལོ་བཅུ་གཉིས་ཀྱི་བར་ལ་སྲིད་བསྐྱངས། ལྔ་བཅུ་རྩ་ལྔ་བ་ཆུ་ ཕོ?བོ་བྱི་བ་ལ་འདས། ཆུ་མོ་གླང་ལ་ཛི་ཛུང་གི་བུ་གསུམ་པ་ཧན་ཛུང་རྒྱལ་སར་བསྐོས། དེ་ཕན་ཆད་ལ་ཐང་གི་རྒྱལ་ཁམས་བཟུང་ནས་ལོ་བརྒྱ་དང་བཅུ་དྲུག་སོང་། ཧན་ཛུང་གི་ལོ་བཞི་བཅུ་རྒྱལ་སར་བསྡད། རྒྱལ་ཁམས་བདེ་ཞིང་འཇམ་པར་བྱུང་། བདུན་ཅུ་རྩ་གསུམ་པ་ལྕགས་མོ་