[A:70]བྱ་ལ་འདས། མེ་ཕོ་སྤྲེའུ་ལོ་ལ་ཧན་ཛུང་གི་བུ་གསུམ་པ། ཛུ་ཛུང་རྒྱལ་སར་བཏོན།དེའི་ལོ་བོད་དམག་འོངས་ནས། སྨན་རྩེའི་ཝི་ཇིའུ་ལ་སོགས་མང་དུ་བླངས་ནས་བཟུང་། ཕྱིས་ཅིའུ་མཁར་ཉི་ཤུ་རྩ་བཞི་བོད་ལ་ཤོར། ཛུ་ཛུང་གི་རྒྱལ་སྲིད་ལོ་བདུན་བཟུང་། ལྔ་བཅུ་རྩ་གཅིག་ཆུ་ཕོ་སྟག་ལ་འདས། ལོ་དེ་ལ་དེའི་བུ་ཆེ་བ་ཐའི་ཛུང་རྒྱལ་པོ་རྒྱལ་སར་བསྐོས། ཆུ་མོ་ཡོས་ལ་བོད་དམག་བྱུང་ནས། ཐའི་ཛུང་ཤེལ་ཆུར་བྲོས་པའི་ཤུལ་དུ། རྒྱལ་པོའི་བློན་པོ་ཀའུ་ཧིས་བོད་ལ་ངོ་བལྟས། བོད་དམག་ཀི་མ་བྱང་ཧུར་འོང་། ཐང་གི་རྒྱལ་པོ་གའུ་དབང་ཞེས་པ་བསྐོས། རྒྱའི་ལོ་མིང་སྤོས། འཇའ་ས་འགྲེམས་དུ་བཅུག ཕྱིའི་རྒྱལ་པོ་གའུ་དབང་བསད་བོད་དམག་རྣམས་བཏོན་ནས། ཐའི་ཛུང་གི་རྒྱལ་ས་ལོ་བདུན་བཟུང་། ལྔ་བཅུ་ལོ་པ་མེ་མོ་ལུག་ལ་འདས། དེའི་བུ་ཆེ་བ་དིང་ཛུང་། ལྕགས་ཕོ་སྤྲེའུ་ཡི་ལོ་ལ་རྒྱལ་སར་བཏོན། དིང་ཛུང་བསམ་པ་ཆེ་བས། ལོ་མང་པོ་རྒྱ་བོད་འཁྲུག་པ་མ་བྱུང་། དེ་དུས་རྒྱ་བོད་ཀྱི་ཚིགས། མི་ཉག་ཡུལ་ནས་ཧ་ལ་ཤཱན་དུ་བྱས། བོད་ཀྱི་རྒྱལ་ཁམས་ཀྱི་མཚམས་ནི། ནུབ་ཏུ་ལན་ཇུ། ཝི་ཇིའུ། ཝན་ཇེའུ། ཧེའི་ཇིའུ། ཤར་དུ་ཤིང་ཀུན། ལྷོར་ཇེའུ་དང་། གྱང་ནམ་གྱི་བར། བྱང་ནི་བྱང་དུ་ཏེའི་ཏུ་ནས། ལྷོ་ནུབ་ཀྱི་བར་དང་། རྨ་ཆུའི་བྱང་ཕྱོགས་ཕན་ཆད་བོད་ཀྱི་ས་ཆར་བྱས། རྒྱའི་ས་མཐའ་ནི། ཀེ་ཇེའུ། ཕྱོགས་ཐན་ཇིང་ཧ། ལུ་ཇུ་ལ་ཤིང་ཧུ། ཧུང་ཅེའུ། ཐང་ཀུ། སི་ཆོན་ལ་ཐའི་ཏུ་ཧ། ཚུན་ཆད་ཐང་གི་ས་ཆར་བྱས། ས་མཚམས་ཀྱི་བར། སུག་བཅུ་དང་། ཙབྱེའུ་དང་། ཧ་ལ་ཤན། ཐ་ཐ་ལིང་རྣམས་སྟོང་པར་བཞག་ནས། གཉིས་ཀས་མི་འཛིན་པར་བྱས། ཕྱིས་རྒྱ་བོད་འཁྲུག་པ་མང་དུ་བྱུང་ཞིང་། མེ་མོ་གླང་ལ་བོད་ཀྱི་རྒྱལ་པོ་མུ་ནེ་བཙན་པོ་འདས། དེ་ཛུང་གིས་རྒྱལ་ས་ལོ་ཉི་ཤུ་རྩ་ལྔ་བཟུང་། དྲུག་ཅུ་རྩ་བཞི་པ་ཤིང་མོ་བྱ་ལ་འདས། དེའི་བུ་ཆེ་བ། ཤུན་ཛུང་། ལོ་དེ་ལ་རྒྱལ་སར་