[A:72]བརྒྱད་བྱས། དེས་རྗེས་སུ་མྱང་ཞེས་པ་ལ་རྒྱལ་ས་འཕོས་པ་ཡིན་ནོ། །རྒྱ་བོད་ཀྱི་ལོ་རྒྱུས་འདི། ཐའི་ཛུང་གི་དུས་ཀྱི་ཡིག་ཚང་པ་འབའ་སུ་ཁྱི་བྱ་བས་བརྩམས། ཕྱིས་ན་ཧན་སེའུ་ཚས་བཏུས་ཏེ་བསྡེབས། རྒྱའི་ལོ་ཙཱ་བ་ཧ་གྱང་ཇུས། ཤིང་མོ་བྱ་ལ། ཤིང་ཀུན་དུ་བསྒྱུར། བླ་མ་རིན་ཆེན་གྲགས་གུ་ཤྲཱིས། ཤིང་མོ་གླང་ལ་བོད་ཡིག་གིས་པར་དུ་བཏབ། འདི་ལ་ལོའི་དབང་ཐང་ནོར་པ་འགའ་རེ་སྣང་ངོ་། །ཐུ་ཡུས་ཧུན། ཧོར་སེར་ཡིན། ཝུ་ཐེན། ཨོ་ཐོན་ཡིན། ཞིབ་པར་རྒྱའི་ཡིག་ཚང་ཐང་ཤུ་ཐུ་ཧྥན། མཚན་ཉིད་ལ་སོགས་པར་བལྟའོ། །དེ་ཡང་ཐང་གི་རྒྱལ་པོའི་དུས་སུ། ཧང་མའི་ཟེར་བ། སེའུ་ཚེ་གཅིག་གི་ངོ་ལོག་ནས། རྒྱལ་པོ་བྱས། ཇུ་ཝུན་ཟེར་བས། བློན་པོ་བྱས། རྟིང་ལ་ཛུ་ཝུན་གྱིས། ཐང་ལ་ངོ་ལྟས་ནས། ཆུ་མི་དབྱེན་གྱི་དམག་དཔོན་བྱས། དེའི་རྟིང་སོར་ངོ་ལོག་ནས། རྒྱལ་ས་ཕྲོགས་པས། མྱང་རྒྱལ་པོ་ཞེས་བྱ་བའི་རྒྱུད་བྱུང་། དེ་ལ་སོགས་པ་རུས་མི་གཅིག་པའི་མི་རབས་ཚན་པ་ལྔ་ལ། རྒྱལ་པོ་བཅོ་ལྔ་བྱུང་། ལོ་ལྔ་བཅུ་ཐམས་པ་རྒྱལ་ས་བཟུང་། དེའི་རྗེས་ལ་ཅེའུ་ཐའི་ཛུང་ཞེས་པའི་རྒྱལ་པོ་ལ། སྤེན་ལང་གི་ས་ཆར་རྒྱལ་པོ་བརྒྱད་བྱུང་། བརྒྱད་པ། ཤྭང་ཧང་ཕའུ་གཉིས་ཀྱི་ལག་ནས། ཆི་ཏྭ་ཏཱའི་གླེའུ་ཞེས་པའི་སྤེན་ལང་སོགས་རྒྱལ་ཁམས་ཀྱི་ཕྱེད་ཕྲོགས། རྒྱལ་ཁམས་དེ་ལ་ཏཱའི་གླེའུ་ཟེར། ཤྭང་ཧང་གི་བུ་ཁང་དབང་ཞེས་པ། སྨན་ཚའི་ཡུལ་དུ་སོང་ནས། ཁྲིའི་ཡུལ་གྱི་རྒྱལ་ཁམས་ཕྱེད་པོ་བཟུང་ནས། ཧོར་གྱི། ནམ་ཐའི་ཟེར། རྐྱེན་ཁང་ཧང་ཇེའུར་གཏད། རྒྱལ་ཁམས་དེ་ལ་སྲུངས་ཟེར། དེ་ནས་སྨན་རྩེར་ལྷ་བཙུན་ཡན་ལ་རྒྱལ་རབས་བརྒྱད་བྱུང་། ཆི་ཏྭན་ཏའི་གླེའུ་རྒྱལ་པོ་བརྒྱད་ཀྱི་རྗེས་སུ་བློན་པོ་ཆེ་བ་ནེའུ་རྗེ་ཞེས་པ་ལས་རྒྱལ་ས་བླངས། དེ་ལ་བུ་ཨའེ་ཏན་ཁན་ཟེར་བ་བརྒྱུད་པ་དགུ་བྱུང་། རྒྱལ་ཁམས་ལ་ཏའི་གམ་ཟེར། དེའི་རྒྱལ་པོ་དགུ་པ་ལ། ཧུང་དབང་ཞེས་