[A:77]ཆོས་རྒྱལ་བོད་ཀྱི་རྒྱལ་རབས་བཞུགས་སོ། །ན་མོ་ལོ་ཀེ་ཤྭ་ར་ཡ། ཐུགས་རྗེས་འགྲོ་བའི་སྡུག་བསྔལ་ཆེན་པོ་རྣམས། །ཐུགས་རྗེའི་སྤྱན་གྱི་རས་སུ་མ་ཤོར་འབར། །ཐུགས་རྗེ་དང་ལྡན་རྒྱུན་དུ་གཟིགས་པ་ཡིས། །ཐུགས་རྗེའི་དབང་ཕྱུག་ཁྱེད་ལ་ཕྱག་འཚལ་ལོ། །དེ་དག་ཞིང་མཆོག་བོད་ཡུལ་གངས་ཆེན་འདིར། །དེ་ཡི་སྤྲུལ་པས་མི་ཡི་འགྲོ་བ་སྤེལ། །དེ་རྣམས་མགོན་དུ་ཤཱཀྱའི་རྒྱལ་རྒྱུད་བྱོན། །དེ་དང་དེ་ཡི་རྒྱུ་མཚན་འདི་ལྟར་རོ། །དེའང་བོད་ཀྱི་རྒྱལ་རྒྱུད་ཉིད་ཀྱང་། རྗེ་མང་བཀུར་རྒྱལ་པོ་ལས་རྒྱུད་པ་སེལ་མ་ཞུགས་པར་འདོད་དེ། དེ་ནི་ཤཱཀྱ་ཆེན་པོ་དང་ཤཱཀྱ་ལི་ཙ་བི། ཤཱཀྱ་རི་བྲག་པ་རྣམས་ལས། རི་བྲག་པ་ནི། འཕགས་རྒྱལ་གྱི་ཡུལ་གནས་ཏེ། རྒྱལ་པ་རྩིབ་གྱི་མུ་ཁྱུད་མཐའ་ཡས་ཞེས་པ་ལ། བུ་རྒྱལ་པོ་གཏུམ་པོ་རབ་སྣང་དེ་ནི། བཅོམ་ལྡན་འདས་དང་ཞག་དུས་མཉམ་དུ་འཁྲུངས་པར་བྱེད་ལ། དེའི་བུ་རྒྱུད་རྒྱལ་པོ་སྐྱབས་སེང་། དེའི་བུ་བོད་ཀྱི་རྗེར་གྱུར་པ་ནི། སྔོན་གྱི་ཡིག་ཚང་རྣམས་ན་འདི་ལྟར་སྣང་སྟེ། དང་པོར་བོད་ཡུལ་འདིར་མི་མི་མེད། མི་མ་ཡིན་དུ་མས་གང་བ་ལ། སྲིད་པ་ཆའི་ས་ཡང་འདུག་ཅིང་། བོད་ཁམས་པ་རྣམས། དབྲ། འབྲུ ལྡོང་གསུམ། །སྒ་དང་བཞི། ནུ་བོ་དབའས་དྷ་གཉིས་དང་དྲུག་ལ་བོད་མི་བུ་གདུང་དྲུག་ཟེར་བ་འདུག་ནའང་། ཐོག་མ་རང་ནི་བོད་ཀྱི་མིའུ་རིགས་བཞི་པོ་ཡིན་པར་སེམས་སོ། །དེ་རྣམས་བོད་མི་སྔ་ཤོས་ཡིན། ཁམས་རིགས་དབྱེ་བ་མིའུ་རིགས་བཞི་བྱ་བ་ཡོད་